མཛོད་དགེ་རྫོང་ནས་ཁྲིམས་འགལ་གྱི་རྒྱ་མི་རྔོན་པ་འཇུ་བཟུང་།


2016.01.13
མཛོད་དགེ་རྫོང་ནས་ཁྲིམས་འགལ་གྱི་རྒྱ་མི་རྔོན་པ་འཇུ་བཟུང་། མཛོད་དགེ་རྫོང་ནས་ཁྲིམས་འགལ་གྱི་རྒྱ་མི་རྔོན་པ་འཇུ་བཟུང་།
དྲ་བཤུས།/weibo

མཛོད་དགེ་རྫོང་དུ་རྒྱ་མི་བཞི་ཡིས་རི་སྐྱེས་སྲོག་ཆཊ་བཅུ་གྲངས་ཤིག་བསད་པར་བརྟེན་ས་གནས་ཡུལ་མིས་འཇུ་བཟུང་དང་འབྲེལ་ཡོད་ལ་རྩིས་སྤྲོད་བྱས་བ།
དེ་ཡང་ཚེས་༡༢ཉིན་གནས་ཚུལ་འབྱོར་བ་ལྟར་ན། ཟླ་བ་འདིའི་ཚེས་༩ཉིན་གྱི་ཐོ་རེངས་ཆུ་ཚོད་གཉིས་བ་ཙམ་ལ། ཟི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་བབ་བཟོ་ཡུལ་ཚོ་ནས་ས་གནས་ཡུལ་དམག་གིས། ཁྲིམས་འགལ་གྱིས་རི་དྭགས་རྔོན་མཁན་རྒྱ་མི་བཞི་འཛིན་བཟུང་བྱས་ནས། དེ་དག་གི་ལག་ནས་མེ་མདའ་གཉིས་དང་རླངས་འཁོར་གཅིག་དེ་བཞིན་དམར་གསོད་བཏང་བའི་རི་དྭགས་ཆེ་ཆུང་བཅུ་གཉིས་ཙམ་གཞུང་བཞེས་བཏང་སྟེ་རྒྱ་མི་དེ་བཞི་བོ་ད་ལྟ་ས་གནས་སྡེ་འབངས་ཀྱི་ལས་བྱེད་ལ་རྩིས་སྤྲོད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད།
དེ་བཞིན་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྤེལ་བའི་འདྲ་པར་ནང་། དམར་གསོད་བཏང་བའི་རི་དྭགས་དེ་ཁྲོད་གནའ་བ་དང་། དགོ་བ་། རྭ་རྒྱ། གླ་བ། ཁ་ཤ སྤྱང་ཀི རི་བོང་། གླག་སོགས་ཡོད་པ་གསལ་པོ་མཐོང་ཐུབ།
གོང་གི་རྒྱ་མི་དེ་དག་གི་ལག་ནས་བླངས་བའི་མེ་མདའ་གཉིས་དང་ཊོ་ཡོ་ཊ་རླངས་འཁོར་ཞིག་བཅས་ཀྱང་པར་ནང་མཐོང་ཐུབ།
དེ་འབྲེལ་གྱི་གནས་ཚུལ་ཚེས་༡༢ཉིན་རྒྱ་ནག་གཞུང་འབྲེལ་ཟི་ཁྲོན་གསར་འགྱུར་དྲ་བའི་ཐོག་ཏུའང་གནས་ཚུལ་སྤེལ་ནས། རྒྱ་མི་ལིས་དང་། ཀྲང་སོགས་མི་བཞི་ཡིས་རླངས་འཁོར་བསྐོར་ནས་མཛོད་དགེ་རུ་ཁྲིམས་འགལ་གྱིས་རི་དྭགས་རྔོན་སྐབས། ས་གནས་མང་ཚོགས་ཀྱིས་ཤེས་ནས་བཀག་ཉར་བྱས་བ་དང་། ད་ལྟ་མཛོད་དགེ་རྫོང་ཤིང་ནགས་སྤྱི་བདེ་ལས་ཁུངས་ནས་ཁོ་ཚོར་ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་རྔོན་པ་དང་དམར་གསོང་བཏང་བའི་དོགས་ཡོད་ཉེས་མིང་འོག་འཛིན་བཟུང་བཀག་སྐྱིལ་བྱས་ཏེ། གྱོད་དོན་དེར་འདྲི་གཅོད་རྩད་ཞིབ་བྱེད་བཞིན་སྒང་ཡིན་ཚུལ་བརྗོད་འདུག

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎