བལ་ཡུལ་གྱི་སྲིད་འཛིན་དང་པོའི་འོས་མིའི་སྐོར།
2008.07.18
༄༅༎ད་ལྟ་དགུང་གྲངས་ ༧༢ ལ་ཕེབས་པའི་རང་དབང་ཅན་གྱི་བལ་ཡུལ་གྱི་སྲིད་དོན་པ་སྐུ་ཞབས་ རམ་རཇེ་སིང་ ཞུ་བ་དེ་ཉིད་ བལ་ཡུལ་གྱི་སྲིད་འཛིན་ཐོག་མར་དེ་ཆགས་སྲིད་པ་ཡིན་པ་རེད་ ཁོང་ནི་ ༡༩༨༥ ལོར་ བལ་ཡུལ་གྱི་རྒྱལ་པོའི་ཕོ་བྲང་དང་ བལ་ཡུལ་གྱི་གྲོས་ཚོགས་ཀྱི་ཚོགས་ཁང་བཅས་པར་ འབར་རྫས་འཕེན་མཁན་ཡིན་པར་ཁོང་རང་ངོས་ངོས་ལེན་གནང་མཁན་དང་ སྐབས་དེར་བལ་ཡུལ་གཞུང་གིས་ཁོང་གི་བྱས་ཉེས་ཐོག་ལ་ཉེས་པ་སྲོག་ཐོག་གཏོང་རྒྱུ་ཁྲིམས་ཐག་བཅད་ཀྱང་ ཁོང་གིས་རྒྱ་གར་ནང་བྲོས་བྱོལ་དུ་འགྲོ་ཐུབ་པ་བྱུང་སྟེ་སྲོག་ཐོག་ལ་འགྲོ་རྒྱུ་ཕར་བཞག་ཉེས་ཆད་གང་ཡང་འཁུར་མི་དགོས་པར་མཐར་ ༡༩༩༠ལོར་བལ་ཡུལ་གྱི་ཆབ་སྲིད་ངོ་བོ་ རྒྱལ་པོས་སྐྱོང་བའི་དམངས་གཙོའི་ལམ་ལུགས་སུ་རྣམ་པ་བསྒྱུར་བའི་རྗེས་སུ་ སྐབས་དེའི་བལ་ཡུལ་གཞུང་གིས་ ཁོང་གི་ནག་ཉེས་དགོངས་སེལ་བཏང་སྟེ་ རང་ཡུལ་དུ་ཕྱིར་ཕེབས་གནང་ཡོད་པ་རེད་ ཁོང་ནི་བལ་ཡུལ་ལྷོ་ཕྱོགས་མ་རྡེ་ཤི་ཟེར་བའི་ས་ཁུལ་ནས་ཡིན་པ་རེད་ལ་ རང་དབང་ཅན་གྱི་སྲིད་དོན་པ་ཞིག་ཡིན་པ་མ་གཏོགས་ བལ་ཡུལ་གྱི་སྲིད་དོན་ཚོགས་པ་གང་གི་ནང་ལའང་ཐེ་བྱུས་མེད་མཁན་ཞིག་ཡིན་པ་རེད་ ཁོང་བལ་ཡུལ་གྱི་སྲིད་འཛིན་དང་པོར་འོས་པའི་འོས་དམིགས་ཁོངས་སུ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ མའོ་ཚོགས་པ་ཡིན་པ་རེད།