བོད་ལ་ཚད་མཐོའི་རང་སྐྱོང་ཇི་ལྟར་སོན་ཐབས་ཀྱི་བགྲོ་གླེང༌།

མ་འོངས་བོད་ལ་ཚད་མཐོའི་རང་སྐྱོང་གི་གནས་བབ་ཇི་ལྟར་གྲུབ་འབྲས་སོན་ཐབས་ཀྱི་ཐབས་ཇུས་སྐོར་ལ་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས།

2009.10.16

༄༅༎ཟླ་བ་འདིའི་ཕྱི་ཚེས་བཅུ་བཞི་རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་མི་དང་ཕྱི་རྒྱལ་ཁྲིམས་ལུགས་མཁས་དབང་དང་བོད་མིའི་ཚོའི་བར་ལ་མ་འོངས་བོད་ལ་ཚད་མཐོའི་རང་སྐྱོང་གི་གནས་བབ་ཇི་ལྟར་གྲུབ་འབྲས་སོན་ཐབས་ཀྱི་ཐབས་ཇུས་སྐོར་ལ་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པ་རེད།

བོད་མི་ཚོར་མ་འོངས་རང་སྐྱོང་གི་ཐོབ་ཐང་ཞིག་ཡོང་ཐབས་ཀྱི་ཐབས་ཇུས་སྐོར་གྱི་བགྲོ་གླེང་ཚོགས་འདུ་དེ་ནི་བཞུགས་སྒར་རྡ་རམ་ས་ལའི་ཡོངས་གླིང་ཚོགས་ཁང་དུ་སྐོང་ཚོགས་གནང་སྟེ་ཚོགས་འདུ་དེའི་ནང་དུ་ཕྱི་རྒྱལ་བ་དང་བོད་མི་ཁྲིམས་ལུགས་མཁས་དབང་ བོད་དོན་དོན་གཉེར་བ་སོགས་མི་གྲངས་བརྒྱ་ཙམ་འདུ་འཛོམས་གནང་ཡོད་པ་དང་དེའི་ནང་དུ་མཉམ་ཞུགས་གནང་མཁན་མང་ཆེ་བ་གཞོན་ནུ་ཡིན་པ་རེད། ལྷན་ཚོགས་དེའི་ཐོག་བགྲོ་གླེང་གནང་བའི་བརྗོད་གཞི་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེའི་འོག་ཏུ་བོད་ལ་དོན་དམ་པའི་ཚད་མཐོའི་རང་སྐྱོང་གི་གནས་བབ་ཅིག་རགས་ཀྱི་རེད་དམ་ཞེས་པ་དེ་ཡིན་ཞིང་ལྷན་ཚོགས་དེའི་ཐོག་ལ་རྩོམ་བྲིས་པ་དང་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་དྲུང་ཆེ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཚོགས་འདུའི་གཙོ་སྐྱོང་གནང་སྟེ་དེ་སྔོན་ཨ་མི་རི་ཀའི་སྐད་གྲགས་ཆེ་བའི་ཡེལ་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ནས་སློབ་སྦྱོང་མཐར་སོན་བྱུང་གནང་བ་དང་དེང་སྐབས་ཧོང་ཀོང་གཙུག་ལག་སློབ་གྲྭའི་མཁས་དབང་སྐུ་ཞབས་མའེ་ཁལ་ཌི་ལྦི་སི་དང་འདི་ག་ཨ་མི་རི་ཀའི་སྐད་གྲགས་ཅན་གྱི་ཧའར་ལྦ་ཌེ་ཁྲིམས་ཀྱི་གཙུག་ལག་སློབ་གྲྭའི་ནང་དུ་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ལ་ཞིབ་འཇུག་གནང་མཁན་སྐུ་ཞབས་བློ་བཟང་སེང་གེ་ལགས་གཉིས་ཀྱི་གཏམ་བཤད་གནང་ཡོད་པ་རེད། སྐུ་ཞབས་མའེ་ཁལ་ཌེ་ལྦི་སི་ཡི་གཏམ་བཤད་ནང་གཙོ་བོ་རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་ལུགས་ཀྱི་ཐོག་ནས་བོད་ལ་ཚད་མཐོའི་རང་སྐྱོང་གི་གནས་བབ་རྩོད་ལེན་གནང་སྟངས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་བློ་བཟང་སེང་གེ་ལགས་ཀྱིས་མི་དམངས་ཀྱི་ནུས་པ་གལ་འགངས་ཆེན་པོ་ཡིན་པ་དང་དཔེར་ན་རྒྱལ་ཁབ་དེའི་མི་སེར་ཚོས་གཞུང་གི་ལམ་ལུགས་དང་འགོ་ཁྲིད་ཀྱི་འགྲིག་གི་མེད་ཚེ་གནས་དབྱུངས་གཏོང་བའི་གནས་ཚུལ་ཡོང་བ་བཞིན་དེ་སྔ་ལོ་རྒྱུས་ནང་ཕྱི་ལོ་༡༩༩༠གོ་གྲངས་ནང་ལ་ལྷོ་ཨ་ཕི་རི་ཀའི་ནང་མི་རིགས་དཀར་ནག་གི་དབྱེ་འབྱེད་ལ་གདོང་ལེན་དང་འཐབ་རྩོད་བྱེད་པའི་སྐབས་ཨ་མི་རི་ཀའི་མི་སེར་ཡིན་པའི་མི་རིགས་ནག་པོ་ས་ཡ་བཞི་བཅུ་ལྷག་གིས་མི་རིགས་དབྱེ་འབྱེད་བྱ་སྤྱོད་ཐོག་ངོ་རྒོལ་གྱི་ལས་འགུལ་དེར་རྒྱབ་སྐྱོར་བྱས་ཏེ་ཆིག་སྒྲིལ་གྱི་ནུས་པ་འདོན་སྤེལ་བྱས་ཡོད་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎