རྒྱ་ནག་ནང་ཆར་ཆུའི་དཀའ་ངལ་འཕར་མ་སླེབས་ཡོད་འདུག

རྒྱ་ནག་ནང་ས་ཡོམ་གྱི་རྐྱེན་ངན་ནང་ལྷུངས་པ་ཚོར་ཕྱི་རྒྱལ་ནས་སྐྱོབ་གསོ་མང་དུ་འབྱོར་མུས་ཀྱང་ཆར་ཆུའི་དཀའ་ངལ་འཕར་མ་སླེབས་འདུག

2008.05.25

༄༅༎རྒྱ་ནག་ནང་ས་ཡོམ་གྱི་རྐྱེན་ངན་ནང་ལྷུངས་པ་ཚོར་ཕྱི་རྒྱལ་ནས་སྐྱོབ་གསོ་མང་དུ་འབྱོར་མུས་ཀྱང་ཆར་ཆུའི་དཀའ་ངལ་འཕར་མ་སླེབས་ཡོད་འདུག

ད་བར་ས་ཡོམ་གྱི་རྐྱེན་ངན་ནང་འདས་གྲོངས་སོང་བའི་གྲངས་འབོར་དྲུག་ཁྲི་ཉིས་སྟོང་དྲུག་བརྒྱ་དྲུག་བཅུ་རེ་བཞི་ཆགས་ཡོད་པའི་ཁར་ ནང་ཁྱིམ་བྲལ་བའི་མི་འབོར་ས་ཡ་ལྔ་དང་ཕྱེད་ཀ་ལྷག་དང་ གནས་སྤོ་བྱས་པ་དང་གནས་སྐབས་གུར་ནང་སྡོད་དགོས་པའི་གྲངས་འབོར་ས་ཡ་བཅུ་གཅིག་ཆགས་ཡོད་པ་དེ་དག་གི་ཆེད་དུ་ཕྱི་རྒྱལ་ནས་སྐྱོབ་གསོ་ཤུགས་ཆེ་འབྱོར་མུས་ལྟར་ རེས་གཟའ་ཉི་མའི་ཉིན་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཌན་ཐུར་ར་ཤི་ཡའི་སྐྱོབ་གསོའི་གནམ་གྲུ་གཅིག་བབས་ཡོད་པ་དང་ད་དུང་དེ་མིན་གནམ་གྲུ་དེ་རིགས་བཅུ་རིམ་པས་འབབ་རྒྱུ་ཡིན་ལུགས་འདུག བློ་འཚབ་ཐོལ་པ་སྐྱེ་གཞི་ནི་ས་ཡོམ་རྒྱབ་སའི་ས་ཁུལ་ནང་ཆར་པ་ཆེན་པོ་རྒྱབ་རྒྱུའི་སྔོན་བརྡ་བཏང་ཟིན་པར་བརྟེན་ ནད་ཡམས་ལངས་རྒྱུའི་ཉེན་ཡོད་ཡང་ཆེན་པོ་ཡོད་འདུག དགོས་མཁོའི་རོགས་སྐྱོར་ས་སྣ་ཚོགས་ཨ་རིས་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་གནང་བཞིན་པ་རྒྱ་ནག་གཞུང་གིས་ཀྱང་ལེན་ཀྱང་གནང་བཞིན་པ་དེས་རྒྱལ་ཁབ་མང་པོས་ད་ལམ་རྒྱ་མིས་བོད་ནང་དྲག་གནོན་བྱེད་སྐབས་ཀྱི་བསམ་ཚུལ་ངན་པ་ཡོད་པ་ཡང་རིམ་པས་སེལ་གྱི་ཡོད་པའི་རྣམ་པ་ཡང་ཐོན་གྱི་ཡོད་འདུག དེའི་དབར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བཱན་ཀི་མུན་མཆོག་རྒྱ་ནག་ཏུ་གཟིགས་སྐོར་དུ་ཕེབས་སྐབས་རྒྱ་ནག་གི་སྲིད་བློན་ཝེན་ཅ་པོ་ཡིས་རྒྱལ་སྤྱིའི་ཐོག་ནས་རོགས་སྐྱོར་ཤུགས་ཆེ་གནང་བར་བསྔགས་བརྗོད་གནང་འདུག

ད་བར་རྐྱེན་ལམ་དུ་ཕྱིན་པའི་གྲངས་འབོར་ཁྲི་དྲུག་ལྷག་ཡོད་པ་དེ་རེར་མས་འཕར་རྒྱུ་དང་སྔ་ཕྱི་མ་གཏོགས་ཁྲི་བདུན་དང་བརྒྱད་ཙམ་ཆུགས་རྒྱུའི་ཉེན་ཁ་ཡོད་ལུགས་སྲིད་བློན་ཝེན་ཅ་པོ་ཡིས་གསུངས་གནང་འདུག གར་སོང་ཆ་མེད་དུ་གྱུར་པའི་གྲངས་འབོར་ཉི་ཁྲི་དྲུག་སྟོང་ཉིས་བརྒྱ་ལྷག་ཆགས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎