སྦི་ཧའར་གཞུང་ནས་ཆུ་ལོག་བགེགས་སྐྱོབ་ཆེད་འབོད་སྐུལ།

སྦི་ཧའར་མངའ་སྡེའི་གཞུང་ནས་ཆུ་ལོག་གི་གོད་ཆགས་ཕོག་པ་རྣམས་ལ་ཕྱིའི་རྒྱལ་ཁབ་ཀྱི་མཐུན་འགྱུར་དགོས་ལུགས་འབོད་སྐུལ་ཞུས་འདུག

2008.09.03

༄༅༎བདུན་ཕྲག་གཉིས་ཙམ་གོང་ཙམ་ནས་རྒྱ་གར་བྱང་ཤར་སྦི་ཧའར་མངའ་སྡེའི་ནང༌། ཆུ་ལོག་གི་རྐྱེན་པས་ད་བར་མི་རྒྱུ་གཉིས་ལ་གནོད་ཚབས་ཧ་ཅང་ཆེན་པོ་ཕོག་ཡོད་པ་ལྟར་དབུས་དང་མངའ་སྡེའི་གཞུང་གཉིས་ཀའི་ངོས་ནས་མྱུར་སྐྱོབ་ཀྱི་མཐུན་འགྱུར་དང༌། དེ་བཞིན་གོད་ཆགས་ཕོག་པའི་མི་མང་ཚོར་བཟའ་འབྲུ་དང༌། གཞིས་སྤོས་བྱེད་དགོས་པ་སོགས་ཀྱི་མཐུན་རྐྱེན་སྐྲུན་བཞིན་ཡོད་ཀྱང་དོ་ཕོགཧ་ཅང་ཆེ་དྲག་པས་རྐྱེན་གྱིས་འ་འུབ་བསྡུས་མིན་ཡོང་གི་ཡོད་སྟབས་ད་ཆ་མངའ་སྡེའི་གཞུང་ནས་རྒྱལ་སྤྱིའི་རོགས་རམ་དགོས་ལུགས་འབོད་སྐུལ་གནང་འདུག དེ་ཡང་སྦི་ཧའར་མངའ་སྡེའི་འབྲེལ་ཡོད་བློན་ཆེན་ནི་ཏིཤ་ མིཤ་རས། ད་ལྟའི་གནས་སྟངས་འདི་ནི་དེ་སྔ་ཕྱི་ལོ་ ༢༠༠༡ ལོར་གུཇ་རཏ་ནང་ས་ཡོམ་གྱི་གོད་ཆགས་ཕོག་ནས་དོ་ཕོག་བྱུང་བ་དང༌། དེ་བཞིན་ཕྱི་ལོ་ ༢༠༠༤ ལོར་ཚུའུ་ན་མི་ཞེས་པའི་རླུང་འཚུབ་འོག་དོ་ཕོག་བྱུང་བ་གཉིས་དང་འདྲ་མཚུངས་ཀྱི་གནས་སྟངས་ཆགས་ཡོད་སྟབས་རྒྱལ་སྤྱིའི་རོགས་རམ་ངེས་པར་དུ་དགོས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་འདུག ད་བར་ཆུ་ལོག་གི་གོད་ཆགས་ཕོག་ཡུལ་ནས་མི་མང་འབུམ་དྲུག་ཙམ་ས་གནས་གཞན་དུ་གནས་སྤོས་ཟིན་ཡོད་ཀྱང་ད་དུང་མི་མང་པོ་ཞིག་ཁང་པའི་ནང་སྡོད་མི་ཕོད་པར་ཁང་པའི་ཐོག་ཁར་སྡོད་དགོས་ཆགས་ཡོད་པ་ཚོ་ཡང་རིམ་པས་མྱུར་སྐྱོབ་བྱེད་དགོས་པ་དང༌། དེ་བཞིན་འཕྲལ་སེལ་གྱི་གུར་ནང་གནས་སྡོད་བྱེད་དགོས་མཁན་ཚོར་བཟའ་འབྲུ་དང༌། མལ་གོས་སོགས་ཀྱི་མཐུན་འགྱུར་སྤྲོད་དགོས་པ། ལྷག་པར་འཐུང་ཆུའི་དཀའ་ངལ་ཡོད་པ་བཅས་གང་ལྟར་འདི་ལྟབུའི་ཆུ་ལོག་གི་གོད་ཆགས་ཕོག་པ་ལོ་ལྔ་བཅུའི་རྗེས་ཐོག་མ་དེ་ཡིན་པ་དང༌། ལྷག་པར་དུ་ཆུ་ལོག་གློ་བུར་དུ་རྒྱབ་པ་ཞིག་ཡིན་ཙམ་དེའི་ཐོག་བཀག་སྡོམ་བྱེད་རྒྱུའི་གྲ་སྒྲིག་ཀྱང་མེད་པ་སོགས་ཀྱིས་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཀྱི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎