རྔ་བ་ཕྱོགས་སུ་དྲག་ཆར་གྱི་གནོད་འཚེ་ཕོག་པ།


2015.06.28
རྔ་བ་རྫོང་དུ་དྲག་ཆར་གྱི་གནད་འཚེ། ཆུ་ལོག་གི་གནོད་འཚེའི་ཁྲོད་རྒན་རྒོན་གཉིས་རྐྱེན་འདས་ཕྱིན་འདུག
ལྕགས་མོ་འཚོ།

བོད་ནས་གནས་ཚུལ་འབྱོར་བ་ལྟར་ན།
ཟླ་བ་འདིའི་ཚེས་༢༦ ཉིན་གྱི་བོད་ནང་མཚན་མོའི་དུས་ཚོད་བཅུ་པ་ཡས་མས་ཤིག་ལ་མདོ་སྨད་རྔ་བ་རྫོང་གི་སྟོད་སྨད་བར་གསུམ་དུ་་དྲག་ཆར་ཆེན་པོ་བབས་ནས།རྔ་བ་རྫོང་ཐོག་ནས་མར་སོང་ན་སྤྱི་ལེ་གཅིག་ཡས་མས་ཤིག་གི་མཚམས་སུ་ཡོད་པའི་བར་མ་ཡུལ་ཚོར་ཆུ་ལོག་ཆེན་པོ་རྒྱུགས་ཏེ་ཁྱིམ་ཚང་མང་པོའི་ཁང་བ་བཤིག་པ་དང་རླངས་འཁོར་ཆུས་ཁུར་བ་སོགས་གནོད་སྐྱོན་ཚབས་ཆེན་བཟོས་བ་དང་། སྒོ་ཕྱུགས་མང་པོའང་ཆུས་ཁུར་་ནས་ཤི་རྨས་བྱུང་ཡོད་པ་མ་ཟད། ཁྱིམ་ཚང་གཅིག་གི་ལོ་ན་བདུན་ཅུ་ལྷག་གི་རྒན་རྒོན་གཉིས་འདས་གྲོངས་ཕྱིན་ཡོད་ལ།ཨ་མ་རྒན་མོ་དེ་མི་རྣམས་ཀྱིས་མཐོང་སྐབས་གྲོངས་ཚར་ཡོད་པ་དང་།རྒད་པོ་བགྲེས་པོ་དེ་སྨན་ཁང་དུ་བསྐྱལ་རྗེས་གྲོངས་ཡོད་པ་རེད་ཟེར།དེ་མིན་ད་དུང་བར་མ་ཡུལ་ཚོའི་མང་ཚོགས་ཁ་ཤས་ལ་རྨས་སྐྱོན་ཕོག་ནས་ད་ལྟ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ལ།ད་ཐེངས་ཀྱི་དྲག་ཆར་གྱི་གནོད་འཚེ་ཕོག་ས་ཚབས་ཆེ་ཤོས་དེ་རྔ་བ་རྫོང་བར་མ་ཞང་དང་བསེ་དགོན་པའི་གཡས་གཡོན་གྱི་མི་སྡེ་ལྷ་སྡེ་ཡིན་པ་དང་།ད་དུང་རྔ་བ་རྫོང་གི་ཡུལ་ཚོ་གཞན་པ་ལྔ་དྲུག་ཅིག་ལའང་གནོད་འཚེ་ཐེབས་ཡོད་ནའང་།གནས་ཚུལ་ཞིབ་ཕྲ་ད་ལྟའི་བར་ཤེས་རྟོགས་བྱུང་མེད་ཀྱང་།ས་གནས་མང་ཚོགས་ཀྱི་མི་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་བཟོས་ཡོད་པ་ས་གནས་དང་འབྲེལ་ཡོད་བོད་མི་ཞིག་གིས་འགྲེལ་བརྗོད་གནང་ཡོད།
གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎