རྒྱ་ནག་གཞུང་གིས་དགེ་འདུན་པ་ལྔ་འཛིན་བཟུང་བྱས་ཡོད་པ།

རྒྱ་ནག་གཞུང་གིས་ཆབ་མདོ་སྨར་ཁམས་རྫོང་ནང་ཡོད་པའི་དགོན་གསར་དགོན་པའི་དགེ་འདུན་པ་ལྔ་འཛིན་བཟུང་བྱས་ཡོད་པ་རེད།

2008.05.27

༄༅༎བོད་ལྗོངས་ཆབ་མདོ་སྨར་ཁམས་རྫོང་ནང་ཡོད་པའི་དགོན་གསར་དགོན་པའི་དགེ་འདུན་པ་ལྔ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་དེ་ཡང་ཆབ་མདོ་ཁུལ་དུ་ཉེ་ཆར་རྒྱ་ནག་གཞུང་གི་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་དེ་ཤུགས་ཆེན་སྤལ་བཞིན་པ་དང་ལས་འགུལ་དེའི་ནང་ལ་གཙོ་བོ་༸གོང་ས་མཆོག་ལ་མཚན་དམས་ཞུ་རྒྱུ་དང་དེ་བཞིན་སྤྱི་ཟླ་༣ནས་བྱུང་བའི་བོད་ནང་གི་ཞི་བའི་ངོ་རྒོལ་དེའི་ཚོའི་རྒྱབ་ལ་༸གོང་ས་མཆོག་གི་སྲིད་བྱུས་ཡོད་པ་ངོས་འཛིན་དང་ཁས་ལེན་བྱ་དགོས་པ་ཡོད་པར་བརྟེན་དགེ་འདུན་པ་དེ་དག་རྣམས་ཀྱིས་གོང་གི་དོན་ཚན་གཉིས་ལ་རྩ་བ་ནས་ངོས་ལེན་དང་མཚན་རྟགས་བཀོད་མེད་པར་བརྟེན་རྒྱ་ནག་གཞུང་གིས་སྔ་ཕྱི་བར་གསུམ་དུ་འཇིགས་སྐུལ་དང་བཙན་བཤད་མང་དག་ཅིག་བྱས་ཡོད་ཀྱང་གྲུབ་འབྲས་གང་ཡང་ཐོན་མེད་པ་རེད།

ཁོང་རྣམས་པ་དེ་སྔོན་སྨར་ཁམས་ཁུལ་དུ་བྱུང་བའི་འབར་རྫས་ཀྱི་དོན་རྐྱེན་ཁག་དང་འབྲེལ་བ་ཡོད་ཚུལ་བཤད་ནས་འཛིན་བཟུང་བྱས་ཡོད་པ་དེའི་སྐོར་ལ་ད་ལྟ་སེར་སྨད་ཚ་བ་ཁང་ཚན་ནང་ལ་སློབ་སྦྱོང་བྱེད་བཞིན་པ་བསོད་ནམས་ཚེ་རིང་ལགས་ཀྱིས་གསུངས་པར་དེ་རེས་འཛིན་བཟུང་བྱས་པའི་དགོན་གསར་དགོན་པའི་གྲྭ་བ་ལྔ་པོ་དེ་དག་ནི་དགོན་པོ་རང་ལོ་༢༠དང་མཆོག་གྲུབ་རང་ལོ་༢༥དཔལ་ལྡན་རང་ལོ་༣༠དེ་བཞིན་ངག་དབང་ཕུན་ཚོགས་རང་ལོ་༡༧དང་ཀུན་དགའ་རང་ལོ་༢༠བཅས་ལྔ་ཡོད་པ་རྣམས་ལ་རྒྱ་ནག་གཞུང་གི་ཉེན་རྟོག་པས་འབར་རྫས་ཀྱི་དོན་རྐྱེན་དང་འབྲེལ་ཡོད་སྐོར་བཤད་ནས་ད་ལྟ་ཁོང་རྣམས་པ་སྨར་ཁམས་རྫོང་བཙོན་ཁང་ནང་ལ་བཀག་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎