ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ལྷན་ཚོགས་སྐོར།

འཛམ་གླིང་ནང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ལྔ་བཅུ་ལྷག་དེ་རིང་ཨི་ཇིབ་ཊི་ནང་ལྷན་འཛོམས་གནང་ཡོད་པ་རེད།

2009.07.15

༄༅༎འཛམ་གླིང་ནང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ལྔ་བཅུ་ལྷག་དེ་རིང་ཨི་ཇིབ་ཊི་ནང་ལྷན་འཛོམས་གནང་ནས་རྒྱལ་སྤྱིའི་དཔལ་འབྱོར་ལ་ཉམ་རྒུད་ཕྱིན་པ་དེས་རྒྱལ་ཁབ་སོ་སོའི་ནང་དཀའ་ངལ་འཕྲད་པར་གདོང་ལེན་གནང་ཕྱོགས་སྐོར་གྲོས་མོལ་གནང་འདུག

ཁྱིའུ་སྦ་ཡུལ་གྱི་སྲིད་འཛིན་རཱཨུལ་ཁེ་སི་ཏྲོ་མཆོག་གིས་གོང་ཞུས་ཕྱོགས་སྒྲིལ་སྤངས་བའི་ཡུལ་ཁག་གི་ཆེས་མཐོའི་ལྷན་འཛོམས་དེའི་དབུ་འབྱེད་གསུངས་བཤད་གནང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་ལ་ཉམ་རྒུད་ཕྱིན་པ་དེས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོའི་དཔལ་འབྱོར་ཐོག་དོ་ཕོག་ཤུགས་ཆེ་ཐེབས་ཡོད་སྐོར་གསུངས་ཏེ་འཛམ་གླིང་གི་ཡུལ་ཁག་ཚང་མས་འཁུར་མཉམ་ལེན་གྱི་ཐོག་ནས་དཔལ་འབྱོར་གྱི་དཀའ་ངལ་སེལ་ཐབས་གནང་དགོས་རྒྱུ་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་གནས་སྟངས་ལ་བསམ་ཞིབ་གནང་བའི་ཐོག་ནས་འཛམ་གླིང་གི་དཔལ་འབྱོར་ལམ་ལུགས་བསྐྱར་བཟོ་གནང་དགོས་པའི་སྐོར་གསུངས་བཞག

རེས་གཟའ་ཟླ་བའི་ཉིན་ཨི་ཇིབ་ཊིའི་ཕྱི་འབྲེལ་བློན་ཆེན་ཨེ་མརྡ་ཨ་བུལ་གའེཏ་ཡིས་ད་རེས་ཀྱི་ཆེས་མཐོའི་ལྷན་འདོམས་དེའི་དམིགས་ཡུལ་གཙོ་བོ་ནི་ཕྱི་འབྱུང་རྒྱལ་ཁབ་ཀྱི་རྒྱ་ཁྱོན་དང་དམག་དོན་དང་དཔལ་འབྱོར་གྱི་སྟོབས་ཤུགས་གཅིག་པུར་གཞི་མ་བཞག་པའི་རྒྱལ་སྤྱིའི་སྒྲིག་འཛུགས་གསར་པ་ཞིག་སྐྲུན་རྒྱུ་གལ་ཆེ་ཡིན་སྐོར་གསུངས་ཡོད་པ་རེད།

ཚོགས་མི་༡༡༨ཡོད་པའི་ཕྱོགས་སྒྲིལ་སྤངས་བའི་རྒྱལ་ཁབ་ཀྱི་ལྷན་ཚོགས་དེ་བཞིན་༡༩༥༥ལོར་གསར་འཛུགས་གནང་ཡོད་ཅིང་སྒྲིག་འཛུགས་དེའི་ནང་གི་ཚོགས་ཞུགས་རྒྱལ་ཁབ་ཚོའི་མི་འབོར་དེ་འཛམ་གླིང་སྤྱིའི་མི་འབོར་གྱི་བརྒྱ་ཆ་༥༦ཟིན་གྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎