རྒྱལ་སྤྱིའི་བེུད་གསར་འགོད་པའི་བྱ་དགའ།

རྒྱལ་སྤྱིའི་བེུད་ཀྱི་གསར་འགོད་ཐེབས་རྩ་ཚོགས་པས་བྱ་དགའ་དེ་བོད་པའི་བེུད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཚུད་པའི་བེུད་བཞི་ལ་གནང་བ།

2010.10.20

༄༅༎རྒྱལ་སྤྱིའི་བུད་མེད་ཀྱི་གསར་འགོད་ཐེབས་རྩ་ཚོགས་པས་འདི་ལོའི་གསར་འགོད་པའི་བྱ་དགའ་དེ་བཞིན་བེུད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཚུད་པའི་བེུད་བཞི་ལ་གནང་ཡོད་པ་དང་ བྱ་དགའ་འབུལ་བཞེས་མཛད་སྒོ་དེ་བཞིན་ཕྱི་ཟླ་བཅུ་པའི་ཚེས་༢༠ཉིན་ཨ་རིའི་གྲོང་ཁྱེར་ནིའུ་དབྱོག་དུ་གནང་ཡོད་པ་དང་ མཛད་སྒོ་དེའི་ཐོག་མིགྲངས་༦༠༠ལྷག་མཉམ་བཞུགས་གནང་ཡོད་ཅིང་ ཡིན་ནའི་བེུད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་ཕྱིར་སྐྱོད་ལག་འཁྱེར་རྒྱ་ནག་གཞུང་གིས་ཕྱིར་ལེན་བྱས་ནས་སྤྲོད་ཀྱི་མེད་པར་བརྟེན་ ཁོང་ད་རེས་བྱ་དགའ་བཞེས་པར་དངོས་སུ་ཕེབས་ཐུབ་མེད་ཀྱང་ བརྙན་འཕྲིན་འཁྲེབ་ཐག་ཞིག་བྱ་དགའ་འབུལ་བཞེས་མཛད་སྒོའི་ཐོག་བཏོན་ཡོད་པའི་ནང་ རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་བྱུང་བའི་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ཞི་རྒོལ་བྱུང་བའི་གནས་ཚུལ་སྐོར་ཕྱི་ཕྱོགས་སུ་བསྒྲགས་ཐབས་གནང་ཏེ་ བོད་མི་ཚོའི་དངོས་ཡོད་གནས་སྟངས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤེས་རྟོགས་ཐུབ་རྒྱུར་དམིགས་ནས་འབད་རྩོན་གནང་བའི་སྐོར་སོགས་རྒྱུ་ཚན་འགྲེལ་བཤད་གནང་བ་དང་འབྲེལ་ ཁོང་གིས་ད་དུང་ཡང་བོད་ནང་འགྲོ་བ་མིའི་ཐོབ་ཐང་རང་དབང་མེད་པ་དང་ སྙན་གྲགས་ཅན་གྱི་མི་སྣ་དང་ངེས་མེད་མི་སེར་མང་པོ་བཙོན་འཇུག་བྱེད་མུས་ཡིན་པ་གསལ་སྟོན་གནང་ཡོད་པ་མ་ཟད་ མ་འོངས་ཁོང་གིས་མུ་མཐུད་ནས་རང་སྒེར་གྱི་དྲ་ཚིག་དོ་ར་སོགས་རྒྱུད་ནས་བོད་ནང་གི་གནས་སྟངས་རྒྱལ་སྤྱིའི་ཐོག་ནས་ཤེས་རྟོགས་ཐུབ་རྒྱུར་འབད་རྩོན་གནང་རྒྱུ་གསུང་འདུག

རྒྱལ་སྤྱིའི་བེུད་ཀྱི་གསར་འགོད་པའི་བྱ་དགའ་དེ་བཞིན་ཚེ་རིང་འོད་ཟེར་ལགས་དང་དེ་མིན་ཁམ་བུ་གྲི་ཡའི་རླུང་འཕྲིན་གསར་འགོད་པ་ཞིག་དང་ཀྲེན་ཛེ་ནི་ཡ་བེུད་གསར་འགོད་པ་སོགས་བེུད་གསར་འགོད་པ་བཞི་ལ་གནང་ཡོད་པ་རེད་

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་མཐུན་ཚོགས་ཀྱི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་ཞོར་དུ་རྒྱ་ནག་དང་ཐད་ལན་སོགས་རྒྱལ་ཁབ་བཞིའི་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་འདུག  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎