ལྦི་སི་ཀོན་སིན་དཔོན་ཚོས་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་སྐྱོར།

ཨ་རིའི་ལྦི་སི་ཀོན་སིན་མངའ་སྡེའི་དཔོན་རིགས་རྣམས་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏང་རྒྱུར་རྒྱབ་བསྐྱོར་གནང་ཡོད་པ་རེད།

2008.07.21

༄༅༎ཨ་རིའི་མེ་ཌི་སེན་གྲོང་ཁྱེར་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་བར་གྲོང་ཁྱེར་དེའི་ ཀེ་པི་ཊལ་ ཀྲའེམ་སེ་ ཞེས་པའི་གསར་ཤོག་དེའི་ནང་ཆེད་བརྩོམ་ཞིག་སྤེལ་བའི་ནང་ མངའ་སྡེའི་དཔོན་རིགས་རྣམས་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏང་རྒྱུར་རྒྱབ་བསྐྱོར་གནང་ཡོད་སྐོར་བཀོད་ཡོད་པ་རེད་

ཆེད་བརྩོམ་དེའི་ནང་ལོ་ངོ་ ༨ སྔོན་ཨ་རི་གཞུང་གིས་རྒྱ་ནག་ལ་གཏན་འཇག་ཚོང་འབྲེལ་གྱི་ཐོབ་ཐང་དེ་གནང་སྐབས་ ལྦི་སི་ཀོན་སིན་མངའ་སྡེའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ ར་སེ་ཕའེན་གོལ་ དང་ གྲོས་ཚོགས་འོག་མའི་འཐུས་མི་ ཀྲེ་མི་སྦོལ་ཌི་ལྦིན་ ཡིས་དེར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད་ཅེས་བཀོད་ཡོད་པ་རེད་ གོང་ཞུས་ཨ་མི་རི་ཀས་རྒྱ་ནག་ལ་གཏན་འཇག་གི་ཚོང་འབྲེལ་གྱི་ཐོབ་ཐང་གནང་བའི་བྱ་བཞག་དེས་ཨ་མི་རི་ཀས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་ཐོག་གནོན་ཤུགས་སྤྲོད་རྒྱུའི་ནུས་པ་དེ་མེད་པ་བཟོས་པ་རེད་ཅེས་དང་ བྱ་བཞག་དེའི་མཇུག་འབྲས་གསལ་པོ་ཞིག་ཉེ་ལམ་དཔྱིད་དུས་བོད་ནང་རྒྱ་ནག་གིས་བོད་མིའི་ཞི་རྒོལ་དེར་དྲག་གནོན་བྱས་པ་དེ་ནས་གསལ་པོ་ཆགས་ཡོད་པ་རེད་ཅེས་བཀོད་འདུག རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱས་པ་དེ་པེ་ཅིང་གི་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་དང་འབྲེལ་བའི་བྱ་བཞག་ཅིག་ཆགས་ཡོད་པ་རེད་ དེ་ནི་ངོ་ཚ་དགོས་པ་ཞིག་རེད་ བློ་ཕམ་པའི་གནས་ཚུལ་ཞིག་ལ་ ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ ར་སེ་ཕའེན་གོལ་ དང་གྲོས་ཚོགས་འོག་མའི་འཐུས་མི་ ཀྲེ་མི་སྦོལ་ཌི་ལྦིན་ རྣམ་གཉིས་ཀྱིས་བོད་ནང་གི་ད་ལྟའི་དངོས་ཡོད་གནས་ཚུལ་དེ་མཁྱེན་རྟོགས་ཡོད་པ་རེད་ ཡིན་ནའང་སྲིད་འཛིན་ཇོ་ཇེ་སྦུཤེ་ཡིས་མཁྱེན་གྱི་ཡོད་པ་མ་རེད་ཅེས་ཆེད་བརྩོམ་དེའི་ནང་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎