རྒྱ་གར་དུ་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་ལས་འགུལ།

ཨ་ན་ཧ་ཛ་རེ་མཆོག་གིས་ལྐོག་ཟ་རུལ་སུངས་མེད་པ་བཟོ་ཐབས་ཀྱི་ཁྲིམས་གཞི་བཏོན་རྒྱུའི་ལས་འགུལ་གཞི་རྒྱ་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད་པ།

2011.08.19

༄༅༎རྒྱ་གར་གྱི་སྐྱེས་བུ་དམ་པ་གེན་རྡིའི་རྗེས་འཇུག་པ་ཨ་ན་ཧ་ཛ་རེ་མཆོག་གིས་ལྐོག་ཟ་རུལ་སུངས་མེད་པ་བཟོ་ཐབས་ཀྱི་ཁྲིམས་གཞི་བཏོན་རྒྱུའི་ལས་འགུལ་གཞི་རྒྱ་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་བ་འདིའི་ཚེས་བཅུ་དྲུག་ནས་བཟུང་སྐྱེས་བུ་དམ་པ་གྷན་རྡིའི་རྗེས་འཇུག་པ་དང་སྤྱི་ཚོགས་ཞབས་ཞུ་བ་དགུང་གྲངས་བདུན་བཅུ་དོན་བཞིར་ཕེབས་པའི་ཨ་ན་ཧ་ཛ་རི་མཆོག་གིས་སྣེ་འཁྲིད་པའི་སྤྱིི་ཚོགས་ཞབས་ཞུ་བ་ཁག་ཅིག་ནས་གཞུང་དང་གྲོས་ཚོགས་ནས་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཧ་ཅང་རྒྱ་ཆེན་པོ་ཁྱབ་བཞིན་པ་དེ་དག་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ཁྲིམས་གཞི་ཇན་ལོཀ་པལ་སྦིལ་ཞེས་པ་དེ་དག་བསྐྱར་བཟོ་བྱེད་དགོས་ལུགས་ཀྱི་དགོས་འདུན་བཏོན་ཡོད་པ་རེད། ཁོང་རང་ཉིད་འདས་པའི་ཉིན་གྲངས་གསུམ་ཙམ་རིང་བཙོན་ཁང་ནང་བཞུགས་ནས་ཟས་བཅད་ངོ་རྒོལ་བྱས་པ་དང་ད་རིང་དགོང་དྲོ་བཙོན་ཁང་ནས་ཕྱིར་ཕེབས་ནས་ད་ལྟ་རྒྱལ་ས་ལྡི་ལིའི་ནང་། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་འགོ་བཙུགས་གནང་ཡོད་འདུག་པ་མ་ཟད་ཁོང་བཙོན་ཁང་ནང་ཡོད་པའི་རིང་ནས་བཟུང་རྒྱལ་ས་ལྡི་ལི་ཙམ་མ་ཡིན་པར་རྒྱལ་ཡོངས་དང་ཕྱིའི་ཡུལ་གྲུ་ཁག་ལ་གནས་སྡོད་རྒྱ་གར་བ་ཚོས་གདུང་སེམས་མཉམ་སྐྱེད་དང་ཁོང་གི་དགོས་འདུན་ལ་རྒྱབ་སྐྱོར་མཚོན་ཆེད་ཁྲོམ་གཞུང་ནང་ཐོན་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ད་རིང་ཁོང་ལྡི་ལིའི་ལས་འགུལ་སྤེལ་ཡུལ་དུ་ཕེབས་པའི་རྗེས་སུ་མང་ཚོགས་ལ་གསུངས་བཤད་གནང་བའི་ནང་དོན་གཙོ་བོར། རྒྱ་གར་ནང་ལྐོག་ཟ་རུལ་སུངས་རྩ་མེད་མེད་པ་བཟོ་ཐབས་ཀྱི་ལས་འགུལ་དེར་རྒན་བྱིས་གཞོན་གསུམ་དང་ཕོ་མོ་ཁྱད་མེད་ནས་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་ད་རེས་སྒེར་ལངས་འདི་ནི་རང་བཙན་གཉིས་པའི་འཐབ་རྩོད་ཅིག་རེད། དེ་འདྲ་ཡིན་དུས་ལས་འགུལ་འདིའི་ནང་ང་གསོན་པོར་གནས་ཀྱང་རུང་མ་གནས་ཀྱང་རུང་མཐའ་འཁྱོལ་ནས་བསྒྱུར་བཅོས་གཏོང་ཐུབ་པ་ཞིག་བྱེད་དགོས་ཀྱི་རེད།དེ་འདྲ་བྱེད་པ་ཡིན་ན་རྒྱལ་ཁབ་ནང་འགྱུར་བ་ཞིག་ཐེབས་ཐུབ་ཀྱི་རེད་ལ་དེ་ནི་མི་མང་ཉམ་ཐག་གི་དཀའ་ངལ་སེལ་ཐབས་ཀྱི་གནད་དོན་ཞིག་རེད་ཅེས་གསུངས་ཡོད་པ་རེད་

ལྷག་པར་དུ་ཁོང་གིས་ད་རེས་ཀྱི་ལས་འགུལ་འདི་བཞིན་ད་བར་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་སྤེལ་ཐུབ་པ་དེ་ནི་འཛམ་གླིང་ཁྱོན་ཡོངས་ལ་མིག་དཔེ་འོས་པ་ཞིག་ཆགས་ཡོད་རེད་ལ་ད་དུང་མང་ཚོགས་ཚང་མས་གཞུང་དང་སྒེར་གྱི་བཅའ་དངོས་ལ་གནོད་སྐྱོན་མ་ཕོག་པ་དང་། ཞི་བའི་ཐོག་ནས་ལས་འགུལ་སྤེལ་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་འབོད་སྐུལ་ཞུས་གནང་ཡོད་པ་རེད། ཐེངས་འདིའི་ལས་འགུལ་ནི་ལོ་ངོ་མང་པོའི་རིང་རྒྱ་གར་མང་ཚོགས་སྟོང་ཕྲག་མང་པོས་མཉམ་ཞུགས་བྱེད་པའི་ལས་འགུལ་ཞི་རྒྱ་ཆེ་ཤོས་ཤིག་ཀྱང་ཆགས་ཀྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎