རྒྱ་ནག་གིས་འབར་མར་རྒྱབ་བསྐྱོར་མཚམས་འཇོག་བྱེད་དགོས།

རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་གིས་འབར་མའི་དྲག་པོའི་གཞུང་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་བྱ་དགོས་པའི་གནོན་ཤུགས་སྤྲོད་དགོས།

2008.07.25

༄༅༎དེ་རིང་ཨ་མི་རི་ཀའི་གློག་བརྙན་འཁྲབ་སྟོན་པ་ མི་ཡ་ཕེ་རོ་ ཞུ་བས་ཐའེ་ལེན་གྱི་རྒྱལ་ས་སྦེང་ཀོག་ཏུ་ཨེ་པི་གསར་འགོད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིང་མིན་ཕྱི་ཟླ་བརྒྱད་པའི་ནང་ཚོགས་རྒྱུའི་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་གོ་སྐབས་དེ་བཟུང་སྟེ་རྒྱ་ནག་གཞུང་གིས་འབར་མའི་དྲག་པོའི་གཞུང་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་བྱ་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

ལྷག་པར་དུ་ཨ་མི་རི་ཀའི་སྲིད་འཛིན་ཇོ་ཇེ་སྦུཤེ་ཡིས་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཕེབས་ཀྱི་ཡོད་པ་དེ་ནི་རྒྱ་ནག་གཞུང་གིས་འབར་མའི་དྲག་པོའི་གཞུང་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ལམ་དེར་ཨ་རིའི་ཕྱོགས་ནས་ངོ་རྒོལ་གྱི་རྣམ་པ་བཏོན་ཐབས་ཀྱི་སྲིད་ཇུས་འཁྲེགས་པོ་འཛིན་རྒྱུའི་གོ་སྐབས་ཤིག་མེད་པ་འགྱུར་བ་དང་གལ་ཏེ་རྒྱ་ནག་ཐོག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་དང་ངོ་རྒོལ་གྱི་འབོད་སྒྲ་ནུས་པ་ལྡན་པ་ཞིག་སྤྲོད་ཐུབ་པ་ཡིན་ཚེ་ང་ཚོས་རྒྱ་ནག་ཕྱོགས་ནས་འབར་མའི་དྲག་པོའི་གཞུང་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་གཏང་ཐུབ་པའི་ནུས་པ་ཡོད་གསུང་པ་མ་ཟད། དམིགས་བསལ་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་དེའི་གོ་སྐབས་ལག་ཆར་བེད་སྤྱོད་བཏང་སྟེ་ནུས་པ་ལྡན་པའི་འགྱུར་བཅོས་གཏང་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གསུངས་ཡོད་པ་རེད། ནུབ་ཕྱོགས་རྒྱལ་ཁབ་ཚོས་འབར་མའི་དྲག་པོའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་དང་། རྒྱལ་ཁབ་དམངས་གཙོའི་ཕྱོགས་སུ་བཅོས་བསྒྱུར་གཏོང་རྒྱུའི་ཁས་ལེན་བྱས་པ་བཞིན་ལག་བསྟར་བྱེད་ཀྱི་མེད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་རྒྱ་ནག་ནི་འབར་མའི་དྲག་པོའི་གཞུང་གི་གལ་འགངས་ཆེ་བའི་མནའ་འབྲེལ་རྒྱལ་ཁབ་ཅིག་ཡིན་པར་བརྟེན་ནས་ནུབ་ཕྱོགས་པས་འབར་མའི་ཐོག་སྐྱོན་བརྗོད་བྱེད་པ་དེར་རྒྱ་ནག་ཕྱོགས་ནས་རྒྱབ་སྐྱོར་མི་བྱེད་པའི་ཐོག་ད་དུང་དཔལ་འབྱོར་དང་དམག་དོན་སོགས་ཀྱི་རོགས་རམ་བྱེད་ཀྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎