སིལ་པོལ་རྩེད་འགྲན་སྐབས་བོད་དང་ཧོང་ཀོང་ལ་རྒྱབ་སྐྱོར།


2019.10.19
སིལ་པོལ་རྩེད་འགྲན་སྐབས་བོད་དང་ཧོང་ཀོང་ལ་རྒྱབ་སྐྱོར། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་གི་ནེཙ་ཞེས་པའི་སིལ་པོལ་རུ་ཁག་རྒྱ་ནག་ནས་ཕྱིར་ལོག་ནས་རྩེད་འགྲན་ཐེངས་དང་པོའི་སྐབས་བོད་མི་དང་།ཧོང་ཀོང་།ཡུ་གུར་མི་རིགས་ནས་ངོ་རྒོལ་གནང་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པ།

༄༅།།ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོག་གི་སིལ་པོལ་རུ་ཁག་ནེཙ་ (Nets) ཞེས་པ་རྒྱ་ནག་ནང་སིལ་པོལ་རྩེད་འགྲན་བྱས་ཏེ་ཕྱིར་ལོག་ནས་སིལ་པོལ་ཐེངས་དང་པོ་དེ་ནིའུ་ཡོག་ནང་རེས་གཟའ་པ་སངས་ཀྱི་མཚན་མོར་རྩེད་སྐབས་བོད་མི་དང་། ཧོང་ཀོང་། ཡུ་གུར་མི་རིགས་སོགས་ཀྱིས་བོད་རང་བཙན་དང་ཧོང་ཀོང་ལ་རྒྱབ་སྐྱོར་ཡོད་པའི་སྟོད་གོས་སོགས་གྱོན་ནས་ངོ་རྒོལ་སྐད་འབོད་གནང་འདུག དེ་ཡང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་སིལ་པོལ་རུ་ཁག་ Nets དང་ཁེ་ན་གྲའི་གྲོང་ཁྱེར་Toronto འི་སིལ་པོལ་རུ་ཁག་ Raptors གཉིས་དབར་རྩེད་འགྲན་བྱེད་སྐབས་བོད་མི་དང་། ཧོང་ཀོང་ཀྱི་ལས་འགུལ་པ་ཚོས་ཨ་རིའི་རྒྱལ་ཡོངས་སིལ་པོལ་མཐུན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་དགོས་པ་སོགས་ཀྱི་འབོད་ཚིག་སྒྲོག་གནང་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འཁོད་པའི་སྟོད་གོས་གྱོན་པ་མ་ཟད་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འཕྱར་བཞིན་དུ་ ངོ་ཚ་ཁྲེལ་གཞུང་མེད་པའི་Joe Tsai ཞེས་པ་དང་ཨ་རིའི་རྒྱལ་ཡོངས་སིལ་པོལ་མཐུན་ཚོགས་ཀྱིས་རང་དབང་ལ་རྒྱབ་སྐྱོར་བྱེད་དགོས། ཧོང་ཀོང་མི་མང་གི་ཞི་བའི་ངོ་རྒོལ་ལ་རྒྱབ་སྐྱོར་ཡོད་སོགས་ཀྱི་འབོད་ཚིག་བོད་ཡིག་དང་། དབྱིན་ཡིག རྒྱ་ཡིག་བཅས་ནང་འཁོད་པའི་སྟོད་གོས་གྱོན་པ་དང་སྦྱར་ཡིག་དང་ཕྲེད་དར་བསྣམས་པ་མ་ཟད་ངོ་རྒོལ་སྐད་འབོད་གནང་འདུགJoeTsai ནི་Nets་སིལ་པོལ་རུ་ཁག་གི་སྦྱིན་བདག་དང་དེ་སྔོན་ Houston Rockets ཀྱི་སྤྱི་ཁྱབ་འགན་འཛིན་ Daryl Morey ཡིས་ཧོང་ཀོང་ལ་རྒྱབ་སྐྱོར་ཡོད་པའི་ Tweet ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་པ་རེད། སྐབས་དེར་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་དང་གྲོས་ཚོགས་འཐུས་མི་ཟུར་པ་Nathan Lawགཙོས་པའི་ལས་འགུལ་བ་ཚོས་སྟོད་གོས་ནག་པོའི་ཐོག་ཧོང་ཀོང་ལ་རྒྱབ་སྐྱོར་ཅེས་དབྱིན་ཡིག་དང་། Cantoneseཡི་གེའི་ཐོག་འབོད་ཚིག་འཁོད་པའི་སྟོད་གོས་གྱོན་ནས་ངོ་རྒོལ་གནང་འདུག་ལ་དེ་བཞིན་དུ་ཤར་ཏུར་ཀིསི་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ཀྱིས་ཀྱང་ངོ་རྒོལ་ནང་མཉམ་བཞུགས་གནང་འདུག ཁོང་རྣམས་ཉེན་རྟོག་པས་རྩེད་འགྲན་བྱ་ས་ནས་ཕྱིར་འབུད་མ་བཏང་གི་བར་སྐད་འབོད་མུ་མཐུད་ནས་གནང་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཟུར་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ Houston Rockets སིལ་པོལ་རུ་ཁག་གི་སྤྱི་ཁྱབ་འགན་འཛིན་ལགས་ཀྱིས་ཧོང་ཀོང་མི་མང་ལ་རྒྱབ་སྐྱོར་གནང་བ་དེ་འགྲིག་ཡོད་པ་དང་མཐའ་མ་ཨ་རིའི་རྒྱལ་ཡོངས་སིལ་པོལ་མཐུན་ཚོགས་ཀྱིས་ཁོང་ལ་རྒྱབ་སྐྱོར་གནང་བར་ཡིད་རང་བསྔགས་བརྗོད་ཞུ་ཡི་ཡོང། འོན་ཀྱང་ LeBron James དང་ Joe Tsai གཉིས་ཀྱིས་མི་མང་གི་རང་དབང་ལས་ཁེ་བཟང་གལ་འགངས་ཆེ་བར་རྩིས་པ་དེར་བློ་ཚབས་གཏིང་གཟབ་ཡོད་སྐོར་གསུངས་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎