ཨོ་ལིམ་པིག་རྩེད་འགྲན་གྱི་སྒོ་འབྱེད་སྐབས་རྫུན་སྒྲིག་བྱས་འདུག

རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་རིང་སླར་ཡང་རྫུན་གཏམ་བཤད་པའི་གནས་ཚུལ་བྱུང་བ་དེ་ནི་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།

2008.08.15

༄༅༎པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོའི་གཞས་སྣའི་རྣམ་གྲངས་ཀྱི་གྲས་སུ་རྒྱ་ནག་གི་མི་རིགས་༥༦སྐུ་ཚབ་ཡིན་ཟེར་བའི་མི་རིགས་དེ་དག་གི་ཆས་གྱོས་གྱོན་པའི་ཕྲུ་གུ་༥༦གིས་ལག་ཏུ་རྒྱ་ནག་གི་རྒྱལ་དར་འཕྱར་ནས་ཚོགས་རའི་ནང་འཁྲབ་སྟོན་བྱེད་མཁན་གྱི་ཕྲུ་གུ་དེ་དག་ཚང་མ་རྒྱ་མི་རིགས་ཤ་སྟགས་ཡིན་པ་ལས་ ལས་རིམ་ངོ་སྤྲོད་བྱེད་མཁན་གྱིས་ཟེར་བ་བཞིན་རྒྱ་ནག་ནང་མི་རིགས་༥༦གི་སྐུ་ཚབ་མིན་པ་རྒྱ་ནག་གཞུང་གི་དཔོན་རིགས་ནས་ ཨེ་ཤིཡེན་ལྦོལ་སི་ཀྲིརིཏ་ ཇར་ནེལ་ ཞེས་པའི་ཚགས་ཤོག་ཐོག་འགྲེལ་བརྗོད་བྱས་པ་ལུང་འདྲེན་བྱས་ནས་གཟའ་པ་སངས་ཉིན་འགྲེམས་སྤེལ་བྱས་ཡོད་པ་རེད།

གལ་སྲིད་རྒྱ་ནག་གི་གོང་ཞུས་དཔོན་རིགས་དེས་བརྗོད་པ་བཞིན་རྒྱ་ནག་གི་མི་རིགས་༥༦གི་སྐུ་ཚབ་མཚོན་པའི་ཕྲུ་གུའི་འཁྲབ་སྟོན་དེའི་ནང་བཞུགས་མཁན་མི་རིགས་སོ་སོའི་ཕྲུ་གུ་མིན་པར་རྒྱ་མི་རིགས་ཀྱི་ཕྲུ་གུ་ཚོར་མི་རིགས་འདྲ་མིན་གྱི་ཆས་གྱོས་གཡོག་པའི་གནས་ཚུལ་དེ་བདེན་པ་ཡིན་ཚེ། རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་རིང་རྫུན་གཏམ་བཤད་པའི་གནས་ཚུལ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་དང༌། དེའི་གོང་ཨོ་ལིམ་པིག་རྩེད་འགྲན་སྐབས་གཞས་གཏོང་མཁན་གྱི་བོུ་དེ་མཛེས་པོ་མེད་ལུགས་བཤད་ནས་མདུན་ལ་བོུ་གཞན་ཞིག་བཞག་ནས་ངོ་མ་ཡིན་ཁུལ་གྱི་རྫུན་གཏམ་བཤད་ཡོད་པ་དང༌། དེ་མིན་ཨོ་ལིམ་པིག་རྩེད་འགྲན་འགོ་བྱེད་མཛད་སྒོའི་སྐབས་མཚོན་མདངས་སྣ་མང་གི་ཤོག་སྦག་སྤར་ཡས་དེའི་འགྲེལ་བཤད་ཀྱང་སྔོན་ནས་སྒྲ་འཇུག་བྱས་ཡོད་ན་ཡང་ སྐབས་དེ་རང་ཐད་ཀར་འགྲེལ་བཤད་རྒྱག་གི་ཡོད་ཁུལ་གྱི་རྫུན་འགྲིག་བྱས་ཡོད་པ་རེད། ཡིན་ནའང་མི་རིགས་༥༦གི་སྐུ་ཚབ་མཚོན་པའི་ཕྲུ་གུ་དེ་དག་ནང་མི་རིགས་གཞན་མེད་པར་རྒྱ་མི་རིགས་ཀྱི་ཕྲུ་གུ་ཚོར་མི་རིགས་གཞན་གྱི་གྱོན་ཆས་གཡོག་ནས་འཁྲབ་སྟོན་བྱས་པ་ཞིག་ཡིན་པའི་གནད་དོན་དེའི་ཐོག་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ལྷན་ཁང་གི་འགན་འཛིན་གཞོན་པ་ལྦང་ལྦོད་ནས་དེའི་སྐོར་གནས་ཚུལ་ཤེས་རྟོགས་གང་ཡང་མ་བྱུང་བ་གཟའ་པ་སངས་ཉིན་ལན་འདེབས་བྱས་ཡོད་པ་དང་འབྲེལ་ ཁོང་གིས་འཁྲབ་སྟོན་གྱི་རྣམ་གྲངས་དེའི་ནང་རྒྱ་ནག་ནང་མི་རིགས་༥༦ ཡོད་པའི་མཚོན་རྟགས་བཏོན་པ་ཞིག་ཡིན་པ་ལས་མི་རིགས་དེ་དག་གི་འཐུས་མི་དངོས་སུ་བཞུགས་དགོས་དོན་མེད་ལུགས་ཀྱི་བཤད་ནས་རྫུན་གཏམ་ལ་འགེབས་སྲུང་བྱ་ཐབས་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎