བལ་ཡུལ་ཕྱོགས་འགལ་ཚོགས་པའི་ལས་ཁུངས་སུ་འབར་གས།

བལ་ཡུལ་ནང་ཕྱོགས་འགལ་ཚོགས་པའི་ཆེ་ཤོས་ཀྱི་ལས་ཁུངས་ནང་འབར་རྫས་ཀྱི་གས་གཏོར་གྱི་དོན་རྐྱེན་ནང་མི་ལ་སྐྱོན་གང་ཡང་བྱུང་མི་འདུག

2010.03.28

༄༅༎བལ་ཡུལ་ནང་ཕྱོགས་འགལ་ཚོགས་པའི་ཆེ་ཤོས་ཀྱི་ལས་ཁུངས་ནང་འབར་རྫས་ཀྱི་གས་གཏོར་གྱི་དོན་རྐྱེན་ནང་མི་ལ་སྐྱོན་གང་ཡང་བྱུང་མི་འདུག༎

རེས་གཟའ་ཉི་མའི་སྔ་དྲོ་བ་ཡུལ་ནུབ་དབུས་ཀྱི་སྦང་ཀེ་རྫོང་ནས་ཕྱོགས་འགལ་ཚོགས་པ་ལྟེ་བ་བལ་ཡུལ་དམར་ཤོག་ཆིག་སྒྲིལ་ཚོགས་པའི་ལས་ཁུངས་ཐབས་ཤས་ཤིག་གི་ནང་འབར་རྫས་གས་གཏོར་གྱི་དོན་རྐྱེན་བྱུང་ཡོད་ཀྱང་སྐབས་དེར་ལས་ཁུངས་ནང་མི་མེད་པར་རྐྱེན་རྨས་སྐྱོན་བྱུང་མེད་ལུགས་ས་གནས་ཀྱི་ཉེན་སྲུང་མི་སྣས་འགྲེལ་བརྗོད་བྱས་འདུག་ དྲག་རྒོལ་གྱི་ལས་འགུལ་སྤེལ་མཁན་ལྷོ་ཕྱོགས་ཏེ་རའི་མུཀ་ཏི་ཇ་ལྦ་ལ་སིངྒ་ཞེས་པའི་འཐབ་རྩོད་ཀྱི་སྒྲིག་འཛུགས་ཡིན་པ་ངོས་ལེན་བྱས་ཡོད་ལུགས་ནེ་པལ་ཌོཏ་ཀོམ་ཞེས་པའི་དྲྭ་རྒྱས་གནས་ཚུལ་སྤེལ་འདུག སྒྲིག་འཛུགས་དེའི་འགོ་ཁྲིད་སྦ་གཏ་སིངྒ་རང་ཉིད་ཀྱིས་ས་གནས་ཀྱི་གསར་འགོད་པ་ཁག་ཅིག་ལ་ཁ་དཔར་བཏང་ནས་དྲག་རྒོལ་བྱས་པ་ངོས་ལེན་བྱས་ཡོད་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎