ཁྲིམས་ཞིབ་པ་ཆེ་བ་དག་དབང་འཕེལ་རྒྱས་ཕྱོགས་བསྐྱོད་སྐོར།
2012.04.27
༄༅༎དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་ཕྱག་རོགས་ཁྲིམས་ལུགས་རིག་པ་བ་ཀུན་བཟང་སྟོབས་ལྡན་ལགས་གཉིས་ཕྱི་ཟླ་ལྔ་པའི་ཚེས་༣ཉིན་རྡ་ས་ནས་ཕེབས་ཐོན་གྱིས་ཚེས་༢༥བར་རྒྱ་གར་ཤར་ཕྱོགས་མངའ་སྡེ་ཨ་རུ་ན་ཅལ་དང་ མེ་ག་ལ་ཡ་ ན་ག་ལེནཊ་བཅས་ཀྱི་ཁུལ་དུ་ རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་དང་ ཁ་ཐོར་འདུས་སྡོད་ཁག་གི་སེར་སྐྱ་མང་ཚོགས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་གོ་རྟོགས་སྤེལ་རྒྱུ་དང་ དུས་མཚུངས་ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ལས་དོན་བྱེད་ཕྱོགས་ལ་ཐུགས་ཞིབ་གནང་རྒྱུའི་ལས་རིམ་སྤེལ་རྒྱུ་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག་པ་དང་ ཆབས་ཅིག་ད་རེས་ཕྱི་ཚེས་༢༦ཉིན་བལ་ཡུལ་གྱི་གསར་ཤོག་ཀཐ་མན་དྲུ་ཕོ་ཉ་ཞེས་པའི་ནང་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་ལགས་ཀྱིས་གཙོས་པའི་བོད་མི་༡༡
བལ་ཡུལ་ཕྱོགས་སུ་ཕེབས་སྐབས་བལ་ཡུལ་ཏྲི་སྦུ་ལྦན་རྒྱལ་སྤྱིའི་གནམ་ཐང་ནས་བལ་ཡུལ་ནང་དུ་འཛུལ་ཞུགས་བྱེད་མ་བཅུག་པར་བཀག་འགོག་བྱས་པའི་གནས་ཚུལ་ཞིག་ཐོན་ཡོད་པ་དེ་ནི་དྲང་བདེན་རྩ་བ་ནས་མིན་པ་དང་ གང་ཡིན་ཞེ་ན་སྐབས་དེར་དཔལ་འབྱོར་བཀའ་བློན་མཆོག་བཞུགས་སྒར་རྡ་རམ་ས་ལར་བཞུགས་ཡོད་པའི་སྐོར་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་གསལ་བཤད་གནང་འདུག