བོད་དོན་ཐོག་གྲོས་ཆོད་བཞག་གནང་བར་ཐུགས་རྗེ་ཆེ་ཞུ།

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་ཐོག་དོན་ཚན་དྲུག་ཅན་གྱི་གྲོས་ཆོད་བཞག་གནང་ཐུབ་པར་ཐུགས་རྗེ་བཀྲིན་ཆེ་ཞུའི་ཕྱག་བྲིས་ཕུལ་བ།

2012.04.06

༄༅༎བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་ཐོག་དོན་ཚན་དྲུག་ཅན་གྱི་གྲོས་ཆོད་བཞག་གནང་ཐུབ་པར་རྗེས་སུ་ཡི་རང་དང་བཅས་ཐུགས་རྗེ་བཀྲིན་ཆེ་ཞུའི་ཕྱག་བྲིས་ཤིག་ཕུལ་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་དོན་ལྟར་ན་ ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌ་ཡེན་ཕའེན་སི་ཀྲའེན་མཆོག་དང་ སྐུ་ཞབས་ཇོ་སེཕ་ལི་སྦར་མེན་མཆོག་རྣམ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་སྤྱི་དང་ བྱེ་བྲག་རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་མནར་གཅོད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་མཚམས་འཇོག་དགོས་པའི་རྒྱབ་སྐྱོར་གནང་རྒྱུར་གྲོས་ཆོད་གྲོས་འཆར་ཞིག་འདོན་གནང་མཛད་པར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མའར་ཀོ་རུ་སྦི་ཡོ་མཆོག་དང་ ལྕམ་སྐུ་སྦའར་སྦ་ར་སྦོཀ་སར་མཆོག་སྐུ་ཞབས་ཌིཀ་ཌར་སྦིན་མཆོག་སོགས་གྲོས་ཚོགས་གོང་མའི་འཐུས་མི་བཅུ་ཙམ་ནས་གྲོས་འཆར་དེའི་ཐད་རྒྱབ་སྐྱོར་གནང་བར་བརྟེན་དོན་ཚན་དྲུག་ཅན་གྱི་གྲོས་ཆོད་བཞག་་གནང་ཐུབ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྗེས་སུ་ཡི་རང་དང་བཅས་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་ གྲོས་ཆོད་འདིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རྣམས་གསལ་བཏོན་དང་འབྱུང་འགྱུར་བོད་དོན་བདེན་མཐའ་གསལ་ཐབས་བཅས་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་བའི་ང་ཚོས་རེ་བ་ཞུ་བཞིན་པ་དང་ ཁོང་རྣམ་པས་ཐུགས་བརྩེའི་ངང་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བ་དེར་ང་ཚོས་དུས་རྟག་ཏུ་བཀའ་དྲིན་སྙིང་བཅངས་ཞུ་རྒྱུ་ཡིན་ཞེས་འཁོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མཚན་ཐོག་ནས་ཕུལ་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎