བཀའ་ཤག་དང་སྤྱི་འཐུས་སོ་སོ་ནས་གསར་འགོད་བསྒྲགས་གཏམ།

རྟ་མགྲིན་ཐར་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བར་གསར་འགོད་བསྒྲགས་གཏམ།

2012.06.16

༄༅༎ཟླ་འདིའི་ཚེས་༡༥ཉིན་བོད་མདོ་སྨད་གཅན་ཚ་རྫོང་ནང་ རང་ལོ་ ༥༩ ཙམ་ཡིན་པའི་འབྲོག་པ་རྟ་མགྲིན་ཐར་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བར། བོད་གཞུང་བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས་སོ་སོ་ནས་གསར་འགོད་བསྒྲགས་གཏམ་རེ་སྤེལ་ཏེ། རྒྱ་ནག་གཞུང་གིས་དམ་དྲག་ཅན་གྱི་སྲིད་བྱུས་དེ་ཕན་འབྲས་མེད་པར་བརྟེན། འཕྲལ་མར་མཚམས་འཇོག་ཐོག་བོད་མིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་འགོག་ཐབས་བྱེད་དགོས་སྐོར་དང༌། ད་ལྟའི་ཆར་གཅན་ཚའི་ཁུལ་དུ་རྒྱ་མིའི་དྲག་ཆས་ཉེན་རྟོག་དམག་མི་བརྒྱ་ཕྲག་མང་པོ་འགྲེམས་འཇོག་བྱས་ཏེ་བོད་མི་ཚོའི་འགྲོ་སྡོད་ལ་སྟངས་འཛིན་བྱེད་བཞིན་པའི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡོད་པ་དེ་དག་ཕྱིར་བསྡུའི་ཐོག   བོད་ནང་ད་ལྟ་བོད་མིའི་དངོས་ཡོད་ཀྱི་དཀའ་ངལ་ཁག་ཞི་བའི་ལམ་ནས་སེལ་ཐབས་ཀྱིས་ཕུགས་བརྟན་འཕེར་བའི་ཐབས་ལམ་ལག་བསྟར་དགོས་པ་དབུས་བོད་བཞུང་གིས་འབོད་སྐུལ་ཞུ་ཡོད་ཅེས་བརྗོད་འདུག།

དངུལ་ཆུའི་རིགས་སྲེལ་ལྷད་ཕྱིན་པའི་འོ་ཙམ་གྱིས་ཕྲུ་གུའི་གླད་པ་དང་ མཁྱལ་མར་ནད་པ་བཟོ་གི་ཡོད་པ་དང༌། ཕྱི་ལོ་ཉིས་སྟོང་བརྒྱད་ལོར་དབྱིད་ལིས་དང་ མང་མྱུའི་སོགས་རྒྱ་ནག་ནང་འོ་མ་བཟོ་ལས་ཁང་ཁག་ཅིག་ལ་དོན་རྐྱེན་དེ་རིགས་ལྷགས་ནས་་ཕྲུ་གུ་མང་པོ་ཤི་བ་དང་ན་བ་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎