རྒྱ་ནག་ཏུ་སློབ་གསོ་བཅོས་བསྒྱུར་དང་འབྲེལ་བའི་སྒྲིག་གཞི།

བོད་མཚོ་སྔོན་ཞིང་ཆེན་ནང་གི་རྒྱ་གཞུང་གི་དཔོན་རིགས་ཟུར་པ་དང་ཤེས་ཡོན་མི་སྣ་ཐེ་པའི་བོད་མི་ཁག་ཅིག་གིས་སྙན་ཞུ་ཞིག་ཕུལ་བ།

2011.01.12

༄༅༎ཞིང་ཆེན་རིམ་པའི་གཞུང་གི་ལས་ཁང་ལ་རྒྱ་ནག་དབུས་གཞུང་གི་བཀའ་ཁྲོལ་མེད་པ་དང་རྒྱལ་ཁབ་ཀྱི་ཁྲིམས་དང་མི་མཐུན་པའི་སློབ་གསོ་བཅོས་སྒྱུར་གྱི་སྒྲིག་གཞི་བཟོ་རྒྱུའི་དབང་ཆ་རྩ་བ་ནས་མེད་པའི་སྙན་ཞུ་ཞིག་ཐོག་བོད་མཚོ་སྔོན་ཞིང་ཆེན་ནང་གི་རྒྱ་གཞུང་གི་དཔོན་རིགས་ཟུར་པ་དང་ཤེས་ཡོན་མི་སྣ་ཐེ་པའི་བོད་མི་ཁག་ཅིག་གིས་མིང་རྟགས་བཀོད་འདུག།

ལོ་སྔོན་མའི་ཕྱི་ཟླ་༡༠ཚེས་༢༤འཁོད་པའི་སྙན་ཞུ་དེའི་ནང་ བོད་པའི་སློབ་གྲྭ་ཁག་གི་ནང་སློབ་ཚན་ཁག་ད་ནས་བཟུང་བོད་སྐད་ཐོག་སློབ་འཁྲིད་མཚམས་འཇོག་བྱ་རྒྱུའི་སློབ་གསོའི་ལམ་ལུགས་བཅོས་སྒྱུར་གཏོང་རྒྱུའི་འཆར་གཞི་དེ་ནི་རྒྱ་ནག་གཞུང་གི་ཁྲིམས་དང་འགལ་བའི་རྒྱུ་མཚན་མི་ལྡན་པའི་སྲིད་བྱུས་ཞིག་ཡིན་པ་མ་ཟད། སྲིད་བྱུས་དེས་སློབ་ཚན་ཁག་བོད་སྐད་ཐོག་ནས་སློབ་ཁྲིད་བྱེད་སའི་བོད་པའི་ས་ཁུལ་ནང་གི་བོད་པ་ཚོར་རང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་མེད་པ་བཟོ་རྒྱུའི་བློ་འཚབ་བཟོ་གི་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

གོང་ཞུས་སྙན་ཞུ་དེ་ཕུལ་མཁན་ཚོས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱིས་རང་སྐྱོང་ས་ཁུལ་གྱི་ཁྲིམས་གཞིར་བསྐྱར་བཅོས་མ་གནང་གི་བར་དུ། ཞིང་ཆེན་རིམ་པའི་ས་གནས་སྲིད་གཞུང་གིས་དབུས་གཞུང་གི་རྩ་ཁྲིམས་དང་འགལ་བའི་ཐག་གཅོད་དེའི་རིགས་རང་འཚམས་ནས་བྱེད་བའི་དབང་ཆ་མེད་སྐོར་འགྲེལ་བརྗོད་ཀྱིས་འབྲེལ་ཡོད་གཞུང་འབྲེལ་དཔོན་རིགས་ཚོས་རྒྱལ་ཁ་ལོན་ཐབས་ཁོ་ནའི་ཀུན་སློང་མ་བཅངས་བར། མང་ཚོགས་ཀྱི་སྙིང་ལ་བརྣག་པའི་འདོད་དོན་གལ་ཆེ་དེ་འགྲུབ་ཐུབ་པའི་ཀུན་སློང་འཁྱེར་ནས་ཆབ་སྲིད་ཀྱི་ལས་འགན་ཞིག་ལ་ངོས་འཛིན་གིས། མཐའ་མའི་གྲུབ་འབྲས་བཟང་པོ་ཞིག་ཐོན་པའི་འབད་བརྩོན་ཆེ་བཞེས་གནང་སྐྱོང་ཡོང་བའི་རེ་བ་སྟོན་འདུག། གོང་ཞུས་སྙན་ཞུ་དེའི་ནང་བོད་པའི་སྐད་ཡིག་སྲུང་སྐྱོབ་གོང་འཕེལ་གཏོང་རྒྱུའི་རེ་སྐུལ་ཞུས་ཡོད་པ་དང༌། སྙན་ཞུ་དེ་རྒྱ་ནག་གི་ཤེས་རིག་ལྷན་ཁང་དང་ གྲོང་ཁྱེར་ཤི་ནིང་ནང་གི་མཚོ་སྔོན་ཞིང་ཆེན་གྱི་ཤེས་རིག་ལས་དོན་ཚན་པ། དམར་ཤོག་ཚོགས་པའི་དབུས་དང་ཞིང་ཆེན་རིམ་པའི་ལས་ཁུངས་ཁག་ལ་བཏང་ཡོད་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎