བཀའ་བློན་ཁྲི་པའི་ལྦ་ཤིང་ཀྲོན་གྱི་མཛད་འཆར།

བཀའ་ཁྲི་མཆོག་ཨ་རིའི་གྲོས་ཚོགས་ཀྱི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་དམིགས་བསལ་གསན་ཞིབ་ཀྱི་ལས་རིམ་ཐོག་ཚོགས་བཅར།

2011.10.30

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་དང་ཀིརྟི་རིན་པོ་ཆེ་རྣམ་གཉིས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་དམིགས་བསལ་གསན་ཞིབ་ཀྱི་ལས་རིམ་གོ་སྒྲིག་ཞུས་པ་ཡོད་པ་དེར་ཚོགས་བཅར་གནང་རྒྱུའི་གཙོས་པའི་མཛད་འཆར་སྣ་ཚོགས་ཤིག་ཡོད་འདུག
བཀའ་བློན་ཁྲི་པ་མཆོག་ཚེས་༣༡རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་རྒྱལ་སར་ཕེབས་འབྱོར་གྱིས་ཨ་མི་རི་ཀའི་དཔོན་རིགས་ཁག་ཅིག་མཇལ་འཕྲད་གནང་རྒྱུའི་ཐོག་འདི་ཚེས་༢་རེས་གཟའ་མིག་དམར་ལྷ་དཀར་གྱི་ཉིན་མོ་དང་བསྟུན་ནས་བྱང་ཨ་མི་རི་ཀའི་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་ནག་གི་གཞུང་ཚབ་ནས་ཨ་རིའི་གྲོས་ཚོགས་དབར་གོམ་བགྲོད་དང་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་གོ་སྒྲིག་ཞུས་པ་དེའི་ཐོག་ལའང་བཀའ་བློན་ཁྲི་པ་དང་ཀིརྟི་རིན་པོ་རྣམ་གཉིས་ཀྱང་གདན་ཞུ་གནང་རྒྱུ་ཡིན་འདུག། ལས་འགུལ་འདིའི་ཐོག་དམིགས་བསལ་གཏམ་བཤད་གནང་མཁན་གྲས་སུ་རྒྱ་གར་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་རྒྱུན་ལས་ཁང་གི་ཚོགས་གཙོ་ཚེ་དབང་རིག་འཛིན་དང་།རྩོམ་པ་པོ་བོད་དོན་གཉེར་བ་འཇམ་དབྱངས་ནོར་བུ་ལགས་གཉིས་གདན་ཞུ་གནང་ཡོད་འདུག། ཚེས་གསུ་ཉིན་གོང་ཞུས་ལྟར་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་དམིགས་བསལ་གསན་ཞིབ་ཀྱི་ལས་རིམ་གོ་སྒྲིག་ཞུས་པདེར་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད། དེའི་གོང་ལ་ཚེས་གཅིག་ཉིན་རྒྱལ་སྤྱིའོ་བོད་དོན་ལས་འགུལ་ཁང་གིས་བཀའ་བློན་ཁྲི་པའི་ལྷན་དུ་དགོང་དྲོའི་གསོལ་སྟོན་ཞིག་གོ་སྒྲིག་ཞུས་ཡོད་འདུག། ཡང་ཚེས་བཞི་ཉིན་ཀིརྟི་རིན་པོི་ཆེས་བར་ལམ་རྔ་པ་ཀིརྟི་དགོན་པོ་གཙོས་པའི་ཁུལ་དེའི་ཛ་དྲག་གི་གནས་སྟངས་སྐོར་གསུངས་བཤད་གནང་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎