ཡོ་རོབ་མཐུན་ཚོཌ་ཀྱི་སྐུ་ཚབ་ནས་དབུ་མའི་ལམ་ལ་བསྔགས་བརྗོད།
2009.10.16
༄༅༎བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་པའི་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་འཐུས་མི་པི་ཊར་ཁེ་ལེ་ལྦར་ཡིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་གནད་དོན་དེ་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་སེལ་རྒྱུའི་དབུ་མའི་ལམ་གྱི་བཞེངས་ཕྱོགས་འཛིན་གནང་བར་བསྔགས་བརྗོད་ཆེན་པོ་ཞུས་འདུག
དེ་ཡང་ཨེ་ཨེན་ཨའེ་ཞེས་རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་གིས་ཁ་ས་གནས་ཚུལ་སྤེལ་དོན་ལྟར་ན་བོད་ཀྱི་དབུ་འཁྲིད་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རང་བཙན་རྩོད་ལེན་མ་གནང་བར་རྒྱ་ནག་གཞུང་དང་ཞི་བའི་གྲོས་མོལ་བརྒྱུད་ནས་བོད་ལ་དོན་དམ་པའི་རང་སྲིང་རང་སྐྱོང་གི་གནས་བབ་ཡོང་ཐབས་གནང་བཞིན་ཡོད་ཅིང་བཞུགས་སྒར་རྡ་རམ་ས་ལར་ཉིན་གཉིས་རིང་གཟིགས་སྐོར་དུ་ཕེབས་ནས་༸གོང་ས་མཆོག་དབུས་པའི་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམས་མཇལ་འཕྲད་ཞུས་པའི་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་འཐུས་མི་པི་ཊར་ཁེ་ལེ་ལྦར་ཡིས་ཁོང་ལ་ཇར་མ་ནིའི་རྒྱལ་རབས་ལོ་རྒྱུས་ཤེས་པའི་རྒྱབ་ལྗོངས་ངོས་ཞུས་པ་ཡིན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གནད་དོན་སེལ་ཕྱིར་དབུ་མའི་ལམ་གྱི་བཞེངས་ཕྱོགས་འཛིན་གནང་བ་དེ་ནི་ལམ་ཡང་དག་ཅིག་ཡིན་པའི་བསྔགས་བརྗོད་ཞུས་འདུག ཡང་ཁོང་ཉེ་ལམ་བོད་ཀྱི་རྒྱལ་ས་ལྷ་ས་དང་རྒྱ་ནག་ནང་གཟིགས་སྐོར་ཕེབས་སྐབས་རྒྱ་མིའི་དཔོན་རིགས་ཚོས་རྡ་རམ་ས་ལ་ནས་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་བརྩམས་བཞིན་ཡོད་སྐོར་ཐད་ཀར་མ་ཡིན་པར་སྐད་ཆ་སྐོར་ནས་བཤད་བྱུང་ དེ་ནི་བདེན་པ་རྩ་བ་ནས་མིན་པ་དེའི་ལྡོག་ཕྱོགས་དེ་རང་བདེན་པ་རེད་འདུག་ཅེས་ཀྱང་གསུངས་འདུག ཡང་སྐུ་ཞབས་པི་ཊར་ཁེ་ལེ་ལྦར་ཡིས་རྒྱ་ནག་གཞུང་གིས་རྒྱ་ནག་དང་བོད་གཉིས་འབྲེལ་འཐུད་ཆེད་བོད་ནང་ལམ་བུ་གསར་རྒྱག་ཆེད་མ་རྩ་བཏང་བ་ཁག་ལ་བསྔགས་བརྗོད་གནང་བ་དང་དུས་མཚུངས་སུ་རྒྱ་གཞུང་གིས་བོད་མི་མང་སྤྱི་དང་ལྷག་དོན་དུ་བོད་མིའི་ཤེས་ཡོན་ཐོག་འགྲོ་སོང་ཆེ་ཙམ་གཏོང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པའི་གནས་ཚུལ་འདུག།