བཀའ་ཁྲི་མཆོག་ལ་ཡོ་རོབ་གྲོས་ཚོགས་ནས་མགྲོན་འབོད་ཞུས་པ།

བཀའ་ཁྲི་མཆོག་སྦེལ་ཇེམ་དུ་བོད་དོན་ལྷན་ཚོགས་སྐབས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅེས་པའི་བརྗོད་གཞི་ཐོག་གསུང་བཤད།

2011.11.26

༄༅།བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དེང་ཡུ་རོབ་ཡུལ་ཁག་ནང་གཞུང་དོན་ཕྱོགས་ཐོག་མ་དེ་སྐྱོང་བཞིན་པའི་ཐོག་ཕྱི་ཚེས་༢༧ནས་༢༩བར་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་མགྲོན་འབོད་ཞུས་པ་ལྟར། བཀའ་ཁྲི་མཆོག་སྦེལ་ཇེམ་གྱི་རྒྱལ་ས་སྦར་སེལ་སི་རུ་བོད་དོན་ལྷན་ཚོགས་སྐབས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅེས་པའི་བརྗོད་གཞི་ཐོག་སྐུ་མགྲོན་གཙོ་བོར་གསུང་བཤད་གནང་རྒྱུ་ཡིན་པའི་སྐོར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག
བཀའ་ཁྲི་མཆོག་གིས་རྒྱལ་ས་སྦ་ར་སེལ་སི་རུ་ཉིན་གསུམ་གྱི་གཞུང་དོན་མཛད་འཆར་ལྟར་ན་ ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་མི་སྣ་གཙོ་གྲས་ཁག་གཅིག་དང་ལྷན་མཇལ་འཕྲད་གནང་རྒྱུ་མ་ཟད། ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག་ལ། གཞན་ཡང་མཛད་འཆར་འདིའི་སྐབས་བཀའ་ཁྲི་མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དུ་གསུང་བཤད་གནང་རྒྱུ་དང་། དེ་བཞིན་གསར་འགོད་པ་དང་། གནད་ཡོད་མི་སྣ། ཉམས་ཞིབ་པ་རྒན་གྲས་ཁག་གཅིག་དང་ཡང་མཇལ་འཕྲད་གནང་རྒྱུ་ཡིན་འདུག  ཕྱོགས་མཚུངས་གོང་གསལ་གྱི་ཆིབས་བསྒྱུར་འདིའི་སྐབས་བཀའ་ཁྲི་མཆོག་གིས་ས་གནས་བོད་རིགས་ཚོ་དང་སྦེ་ནེ་ལུཀ་སི་ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་འབྲེལ་བའི་ལས་རིམ་དང་ལས་འཆར་ཁག་གི་སྐོར་ངོ་སྤྲོད་གསུང་བཤད་གནང་རྒྱུ་ཡིན་འདུག ཡང་ཕྱི་ཚེས་༢༨ཉིན་སྦ་ར་སེལ་སི་གསར་འགོད་མཐུན་ཚོགས་ཀྱི་མགྲོན་འབོད་ཞུས་པ་ལྟར། བཀའ་ཁྲི་མཆོག་གིས་བོད་ནང་གི་ད་ལྟའི་གནས་སྟངས་དང་གསར་འགོད་པའི་དྲི་བར་ལན་འདེབས་གནང་རྒྱུ་ཡིན་འདུག་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎