ཡོ་རོབ་མཉམ་འབྲེལ་ལྷན་ཁང་གི་ཚོཊ་གཙོ་དང་རྒྱ་ནག་གི་སྲིད་བློན་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ།

སྐུ་ཞབས་བྷརོ་སོ་མཆོག་གིས་བོད་ཀྱི་གནས་སྟངས་དུས་ཚོད་གང་མགྱོཊ་ནང་བཟང་ཕྱོཊ་ཀྱི་འགྱུར་བ་ཞིག་ཡོང་རྒྱུའི་ཐུཊ་རེ་གནང་གི་ཡོད་ འདུག

2008.04.25

༄༅༎ཡོ་རོབ་མཉམ་འབྲེལ་ལྷན་ཁང་གི་ཚོགས་གཙོ་ ཧོསེ མེནུའུཝེལ་ བྷརོ་སོ་ཡིས་རྒྱ་ནག་གི་སྲིད་བློན་ ཝུན་ཅ་པའོ་ དང་མཇལ་འཕྲད་གནང་བའི་སྐབས་རྒྱ་ནག་གི་ ཨོ་ལིམ་པིཀ་ རྩེད་འགྲེན་ལ་རྒྱབ་སྐྱོར་ཡོད་པའི་སྐོར་དང་ལྷག་པར་དུ་བོད་ནང་གི་ཛ་དྲག་གི་

གནས་སྟངས་སྐོར་གླེང་སློང་གནང་བའི་རྗེས་བོད་ཀྱི་གནས་སྟངས་ལ་དུས་ཚོད་གང་མགྱོགས་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད། དེང་སྐབས་བོད་ནང་རྒྱ་ནག་གཞུང་གི་མུ་མཐུད་དྲག་གནོན་ཤུགས་ཆེ་

བྱེད་བཞིན་པའི་ཛ་དྲག་གི་དུས་སྐབས་དང་། རྒྱ་ནག་གི་་ ཨོ་ལིམ་པིཀ་ རྩེད་འགྲན་ཐོག་ངོ་རྒོལ་བྱེད་པའི་ཛ་དྲག་གི་སྐབས་དེར་སྐུ་ཞབས་ ཧོསེ་ བྷརོ་སོ་་ ཡི་གཙོས་པའི་ཡོ་རོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐུ་ཚབ་ཆེས་མང་པོ་ཞིག་གིས་སྣེ་ཁྲིད་གནང་སྟེ་རྒྱ་ནག་ཏུ་

འཚམས་འདྲིར་ཕེབས་ཡོད་ཅིང་། ད་རེས་ཁོང་གི་འཚམས་འདྲི་དེའི་རིང་ལ་རྒྱ་ནག་གི་དབུ་ཁྲིད་དང་བཀའ་མོལ་གནང་

རྒྱུའི་ལས་དོན་ནང་གི་ནང་ནས། གཙོ་བོ་གཅིག་བོད་ཀྱི་ཛ་དྲག་གི་གནས་སྟངས་སྐོར་གླེང་སློང་གནང་རྒྱ་དེ་ཡིན་པ་དང་། ཡོ་རོབ་ཀྱི་ཚོང་ལས་པ་ཚོས་རྒྱ་ནག་དང་ཚོང་ལས་ཀྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུའི་གནད་དོན་ཡང་ཡོད་པ་རེད། ད་རིང་ཁོང་གིས་རྒྱལ་ས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཐོག་ལ་ཁོང་དང་རྒྱ་ནག་གི་སྲིད་བློན་་ ཝུན་ཅ་པའོ་མཇལ་འཕྲད་གྲོས་མོལ་བྱུང་བའི་སྐབས་ངེས་པར་དུ་བོད་ནང་རང་དབང་ལྡན་པའི་ཕྱི་རྒྱལ་གསར་འགོད་པ་དང་ཕྱི་རྒྱལ་བལྟ་སྐོར་འགྲོ་བསྐྱོད་ཆོག་པའི་གནད་དོན་སྐོར་ལ་ཛ་དྲག་གི་འབོད་སྐུལ་ཞུས་པ་དང་། ཝུན་ཅ་པའོ་ ཡི་ལྷན་དུ་བོད་ཀྱི་གནད་དོན་ཐོག་ཕྱོགས་ཕན་ཚུན་གྱི་དགོངས་ཚུལ་སྤེལ་རེས་ལྷུག་པོ་བྱུང་བའི་སྐོར་གསུངས་ཡོད་པ་རེད། ཝུན་ཅ་པའོ་ ངོས་ནས་ཀྱང་རེས་གཟའ་ཕུར་བུའིི་ཉིན་ཡོ་རོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་ལྷན་དུ་བོད་ཀྱི་གནས་སྟངས་དང་དེར་རྒྱ་ནག་གཞུང་གིས་འཛིན་བཞིན་པའི་ལངས་ཕྱོགས་སྐོར་གྲོས་མོལ་དུས་ཚོད་ཐུང་ངུ་ཞིག་བྱུང་བ་དང་ཕྱོགས་བར་ལ་གནད་དོན་མང་པོའི་ཐོག་དགོངས་ཚུལ་གཅིག་མཐུན་བྱུང་བ་མ་ཟད། ད་རེས་ཀྱི་མཇལ་འཕྲད་གྲོས་མོལ་དེ་ནི་རྨང་གཞི་ཡག་པོ་ཞིག་བཏིང་ཐུབ་པ་བྱུང་ཡོད་པའི་སྐོར་བཤད་ཡོད་པ་

རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎