རྒྱ་ནག་གིས་ཐའེ་ལྦན་གྱི་སོ་པ་སྲོག་ཐོག་བཏང་བར་སྐྱོན་བརྗོད།

རྒྱ་ནག་གཞུང་གིས་ཐའེ་ལྦན་གྱི་སོ་པའི་ཉེས་བཙུགས་བྱས་པ་དེར་སྲོག་ཐོག་བཏང་བར་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་བསྐྱོན་བརྗོད།

2008.11.29

༄༅༎རྒྱ་ནག་གཞུང་གིས་ཐའེ་ལྦན་གྱི་སོ་པ་ཡིན་པའི་ཉེས་བཙུགས་ཀྱི་ཐོག་ནས་ཨོ་སི་ཏྲིི་ཡའི་ནང་གཏན་སྡོད་ཆོག་པའི་ལག་འཁྱེར་ཡོད་པའི་རྒྱ་མི་རིགས་རྫས་འགྱུར་རིགས་པ་བ་ལྦུའུ་འོད་ཧན་སྲོག་ཐོག་བཏང་བར་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་བྱ་སྤྱོད་དེར་བསྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

དེའི་སྐོར་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་འཁོད་པར་ལྦུའུ་འོད་ཧན་རྒྱ་ནག་གཞུང་གིས་སྲོག་ཐོག་བཏང་བ་དེས་ཕྱོགས་གཉིས་དབར་ཕན་ཚུན་ཡིད་ཆེས་ཀྱི་རྣམ་པ་དེར་གནོད་ཚབ་ཤུགས་ཆེ་བཏང་བ་ཞིག་ཡིན་པ་འཁོད་ཡོད་པ་རེད། ལྦུའུ་འོད་ཧན་རྒྱ་ནག་གཞུང་གིས་སྲོག་ཐོག་བཏང་བའི་ཉིན་དེར་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གྲོས་མོལ་གནང་བ་དུས་གཅིག་འཁྱེར་ཡོད་པ་དང་ཨོ་སི་ཏྲིི་ཡའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ཚོ་ནི་དམིགས་སུ་བཀར་ནས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་ཁ་གཏད་བྱེད་ཀྱི་ཡོད་པར་ངོས་འཛིན་གནང་གི་ཡོད་པ་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་དེའི་གོང་ལྦུའུ་འོད་ཧན་སྲོག་ཐོག་མ་གཏོང་རྒྱུའི་འབོད་སྐུལ་ཐེངས་མང་ཞུས་ཡོད་པ་གསུངས་བཞག ད་ལོ་རང་ལོ་ལྔ་བཅུ་ང་དགུར་སླེབས་པའི་ལྦུའུ་འོད་ཧན་གྱིས་རྒྱ་ནག་གི་མེ་ཤུགས་འཕུར་མདེལ་གྱི་དམག་དོན་གནས་ཚུལ་དང་དེ་བཞིན་རྒྱ་ནག་གི་དཔོན་རིགས་ཚོའི་བདེ་ཐང་གནས་ཚུལ་རྒྱ་ནག་གི་ཚན་རིག་དུས་དེབ་ཁག་ཅིག་གི་གནས་ཚུལ་སོགས་ཐའེ་ལྦན་ལ་མཁོ་སྤྲོད་བྱས་པའི་ཉེས་བཙུགས་ཐོག་ནས་ཕྱི་ལོ་ཉིས་སྟོང་ལྔ་ལོར་འཛིན་བཟུང་བྱས་ཏེ་སྤྱི་ལོ་ཉིས་སྟོང་བདུན་ལོའི་ཕྱི་ཟླ་ལྔ་པའི་ནང་ཁྲིམས་ཐོག་ནས་ཁོང་ལ་སྲོག་ཐོག་གི་ཉེས་ཆད་བཅད་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎