བོད་རྒྱའི་འབྲེལ་མོལ་མུ་མཐུད་རྒྱུར་གལ་འགངས་གཟིཌ་ཀྱི་མེད་པ།

དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་ནས་བོད་རྒྱའི་འབྲེལ་མོལ་མུ་མཐུད་རྒྱུར་གལ་འགངས་གཟིགས་ཀྱི་མེད་ལུགས་གསུང་འདུག

2008.07.16

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡོ་རོབ་མངའ་ཁུལ་གྱི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་ནས་རྒྱ་ནག་གཞུང་གིས་ནན་ཏན་གྱི་ཐོག་ནས་བོད་རྒྱ་འབྲེལ་མོལ་གནང་གི་མེད་སྟབས་བོད་མིའི་ངོས་ནས་མུ་མཐུད་འབྲེལ་མོལ་གནང་རྒྱུར་གལ་འགངས་གཟིགས་ཀྱི་མེད་ལུགས་གསུང་ཡོད་པ་རེད་

དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་རྒྱ་མིའི་དཔོན་རིགས་ཚོས་བོད་ཀྱི་གནད་དོན་སེལ་ཐབས་སུ་ཆབ་སྲིད་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་དེ་གསལ་པོ་ཡིན་པར་བརྟེན་བོད་མིའི་ངོས་ནས་བོད་རྒྱ་འབྲེལ་མོལ་མུ་མཐུད་གནང་རྒྱུར་ཁེ་ཕན་གང་ཡང་གཟིགས་ཀྱི་མེད་པ་རེད་

ཡིན་ནའང་རྒྱ་ནག་གི་ཕྱོགས་ནས་ཕྱི་ལོ་༢༠༠༢ལོར་བོད་རྒྱ་འབྲེལ་མོལ་སླར་གསོ་བྱུང་བ་དེས་བོད་རྒྱ་གཉིས་ཕན་ཚུན་གོ་རྟོགས་ལེགས་སྤེལ་ཐད་ལ་ཁེ་ཕན་ཆེན་པོ་བྱུང་ཡོད་ལུགས་བརྗོད་པ་སོགས་ཀྱི་གནས་ཚུལ་ཁ་ས་སྦེལ་འཇམ་གྱི་སྦ་ར་སེལ་སེ་ནང་སྐོངས་ཚོགས་གནང་བའི་ཡོ་རོབ་གྲོས་ཚོགས་ནང་གསར་འགོད་པར་གསལ་བཤཛ་གནང་ཡོད་པ་རེད་ ཡང་སྐལ་བཟང་རྒྱལ་མཚན་མཆོག་གིས་མུ་མཐུད་གསུང་ན་ མི་ལོ་༥༠ཙམ་གྱི་བོད་རྒྱའི་དབར་གྱི་གནད་དོན་དེ་ལོ་ཤས་རིང་བོད་རྒྱའི་སྐུ་ཚབ་གཉིས་དབར་ཕན་ཚུན་ཐུག་འཕྲད་དང་གྲོས་མོལ་བྱས་པའི་ཐོག་ནས་སེལ་ཐབས་མེད་པའི་སྐོར་རྒྱ་ནག་ངོས་ནས་བཤད་ཀྱི་ཡོད་ལུགས་ལུངས་འདྲེན་གནང་བ་དང་དེ་བཞིན་ཡང་རིང་མིན་ཕྱི་ཟླ་བཅུ་པའི་ནང་བོད་རྒྱའི་སྐུ་ཚབ་གཉིས་དབར་བསྐྱར་དུ་གྲོས་མོལ་གནང་རྒྱུའི་མོས་མཐུན་ཡང་བྱུང་ཡོད་ལུགས་གསུང་ཡོད་པ་རེད་

ཡང་སྐབས་དེར་སྐལ་བཟང་རྒྱལ་མཚན་མཆོག་གིས་ཕེ་རན་སིའི་སྲིད་འཛིན་ ནི་ཀོ་ལ་སེ་ སར་ཀོ་ཛི་མཆོག་རིང་མིན་པེ་ཅིང་ཨོ་ལིམ་པིག་གི་རྩེད་འགྲན་འགོ་འབྱེད་མཛད་སྒོར་ཕེབས་སྐབས་ཀྱི་གོ་སྐབས་དང་བསྟུན་ནས་བོད་ཀྱི་གནད་དོན་སེལ་ཐབས་སུ་བོད་རྒྱ་གཉིས་དབར་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་ཀྱི་རེད་ཅེས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ལ་ནན་བརྗོད་གནང་དགོས་ལུགས་འབོད་སྐུལ་ཡང་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎