བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་རྒྱལ་སྟོན་ལ་ངོ་རྒོལ།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྲུང་བརྩི་ཞུས་པའི་མཛད་རྒྱན་གྱི་ཁ་གཏད་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

2009.10.02

༄༅༎ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྲུང་བརྩི་ཞུས་པའི་མཛད་རྒྱན་གྱི་ཁ་གཏད་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག

དེ་ཡང་ཕ་ཡུལ་དྲ་གནས་སུ་གནས་ཚུལ་ཐོན་པར་གཞིགས་ན་ཁ་ས་དགོང་དྲོ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ཁང་རྩེགས་མཐོ་ཤོས་ཨེམ་པ་ཡར་སི་ཀྲེདྲ་སྦིལ་དྲིང་ཞེས་པའི་སྟེང་རྒྱ་ནག་གི་རྒྱལ་སྟོན་ཉི་མོ་སྲུང་བརྩི་ཞུ་བའི་སྔ་ནུབ་ཏུ་གློག་དམར་པོ་དང་སེར་པོས་མཚོན་ཁྲ་ཅན་གྱི་མཛེས་རྒྱན་བཟོས་ཏེ་སྤར་བཞག་ནས་གང་ལྟར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་འགོ་བཙུགས་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་བའི་རྣམ་པ་བསྟན་པ་དེར་བོད་མི་ཚོས་ངོ་རྒོལ་བྱས་ཡོད་འདུག

དེ་ཡང་ཁུལ་དེར་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཁང་རྩེགས་དེའི་ཁ་གཏད་དུ་ཡོད་པའི་ཁང་པ་ཐོག་རྩེགས་ཅན་ཞིག་སྟེང་ལ་གློག་འཕྲུལ་གྱི་ཐོག་ནས་བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕྱིར་ཐོན་ཞིག་ཅེས་པའི་བརྗོད་ཚིག་འཁོད་པའི་བརྙན་པར་བརྒྱུད་ལམ་ནས་བསྟན་ཡོད་པས་མ་ཟད་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བཀྲས་མཐོང་ལྷ་སྒྲོན་ལགས་ནས་ཨེམ་པ་ཡར་སི་ཀྲེདྲ་སྦིལ་དྲིང་འམ་ཁང་རྩེགས་དེའི་འཛིན་སྐྱོང་གི་ངོས་ནས་རྒྱ་ནག་ལྟབུའི་སྲིད་དབང་གཅིག་སྡུད་རིང་ལུགས་དང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་བརྩི་མེད་གཏོང་མཁན་གྱི་རྒྱལ་ཁབ་ཅིག་གི་དུས་ཆེན་སྲུང་བརྩི་ཞུས་པ་དེར་ང་ཚོས་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་འགྲེལ་བརྗོད་གནང་འདུག ཡང་ནིའུ་ཡོག་གི་གྲོས་ཚོགས་འཐུས་མི་ཨེན་ཐོ་ནི་ལྦེ་ནར་མཆོག་གིས་ཀྱང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་གཏོང་མཁན་གྱི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་ཅིག་གི་དུས་ཆེན་ལ་གུས་བཏུད་བྱས་པ་དེ་ནི་ནོར་འཁྲུལ་རེད་ཅེས་གསུངས་པ་དང་དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་ཀེ་ཐིས་གྲོང་ཁྱེར་གྱི་ངོས་ནས་དམར་པོའི་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ལ་ཆེ་བསྟོད་ཞུས་པ་ནི་ཡ་མཚན་པོ་དང་མ་འགྲིགས་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག འོན་ཀྱང་ཁང་རྩེགས་དེའི་འཛིན་སྐྱོང་གི་ངོས་ནས་དུས་སྟོན་སྲུང་བརྩི་ཞུས་པ་དེའི་ཐོག་འགྲོ་སོང་གང་ཡང་འགྲོ་གི་མ་རེད་ཅེས་འགྲེལ་བཤད་རྒྱབ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎