རྒྱ་ནག་བྱང་ཕྱོགས་སུ་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་པ།

རྒྱ་ནག་གི་མི་དམངས་ས་ཡ་གཅིག་དང་ཕྱེད་ཀ་འཐུང་ཆུ་མེད་པའི་དཀའ་ངལ་འཕྲད་བཞིན་པར་གཞུང་གིས་འཐུང་ཆུ་མཁོ་སྤྲོད་བྱས་པ།

2009.08.16

༄༅༎རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་ལ་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་གི་བྱང་ཕྱོགས་དང་བྱང་ཤར་ས་ཁུལ་དུ་ཆར་ཆུ་མི་འབབ་པར་ས་ཞིང་ཐེན་པ་བསྟན་པའི་རྐྱེན་གྱིས་མི་དམངས་ས་ཡ་གཅིག་དང་ཕྱེད་ཀ་འཐུང་ཆུ་མེད་པའི་དཀའ་ངལ་འཕྲད་བཞིན་པར་རྒྱ་ནག་གཞུང་གིས་འཐུང་ཆུ་མཁོ་སྤྲོད་བྱས་པའི་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ནང་སོག་རང་སྐྱོང་ས་ཁུལ་ཟེར་བ་དང་ཧྲན་ཤི་ཞིང་ཆེན་ལོའོ་ནིང༌།ཅི་ལིན་ཞིང་ཆེན་བཅས་བཞིའི་ནང་གི་མི་དམངས་ས་ཡ་བཞི་ཙམ་ལ་འཐུང་ཆུ་མི་རག་པའི་དཀའ་ཚེགས་ཆེན་པོར་ལྷུང་ཡོད་པ་མ་ཟད་གཞུང་གིས་ས་ཞིང་མུའུ་ས་ཡ་བཞི་ཅུ་ཞེ་བདུན་གྱི་སྟོན་ཐོག་ལ་ཞིང་ཆུ་འདྲེན་ཡོད་ཀྱང་རང་འབྱུང་གནོད་འཚེ་དེའི་ཐོག་ནས་ཁྱོན་ཡོངས་ནས་ས་ཞིང་མུའུ་ས་ཡ་༡༦༨ལ་གནོད་འཚེ་ཕོག་ཡོད་པ་རེད། ཁ་སྔོན་ཕྱི་ཟླ་བདུན་པའི་ཟླ་མཇུག་ནས་ཆར་ཆུ་མི་འབབ་པར་ཐེན་པ་བསྟན་པ་དེ་ནི་རྒྱ་ནག་གི་བྱང་ཕྱོགས་ནས་བྱང་ཤར་ཕྱོགས་ས་ཁུལ་ནང་ཁྱབ་ཆེ་རུ་ཕྱིན་ཡོད་ཅིང་དེའི་འབྱུང་རྐྱེན་ནི་གནམ་གཤིས་ཚ་བ་ཆེན་པོ་བསྟན་པས་ཆར་ཆུ་དུས་ཐོག་ཏུ་མ་འབབ་པ་དང་ཕྲན་བུ་འབབ་ཀྱང་ལོ་ཏོག་དང་ས་ཞིང་ལ་འདེངས་ངེས་མི་འབབ་པ་ལས་བྱུང་བ་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་རྒྱལ་ཡོངས་གནམ་གཤིས་བརྟག་དཔྱད་ལས་ཁང་གིས་རྒྱ་ནག་གི་བྱང་ཕྱོགས་ཁུལ་དུ་ཆར་ཤོད་དྲག་པོ་ཞིག་རྒྱབ་རྒྱུའི་སྔོན་བརྡ་བཏང་ཡོད་པ་དང་དེ་ཡས་ཐེན་པའི་དཀའ་ངལ་དང་གནམ་གཤིས་ཚ་བ་ཆེ་བའི་དཀའ་ངལ་སེལ་བར་ཕན་ཐོགས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎