ཕྱི་རྒྱལ་གཞུང་ཚབ་ཁག་ནས་བོད་ཀྱི་གནས་སྟངས་ལ་ཐུགས་འཚབ།

ཕྱིའི་ཡུལ་གྲུའི་གཞུང་ཚབ་ཁག་ནས་བོད་ནང་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་ཐོག་ཐུགས་འཚབ་གནང་གི་ཡོད་པའི་གནས་ཚུལ་འདུག

2011.10.15

༄༅༎ཕྱིའི་ཡུལ་གྲུའི་གཞུང་ཚབ་ཁག་ནས་བོད་ནང་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་ཐོག་ཐུགས་འཚབ་གནང་གི་ཡོད་པའི་གནས་ཚུལ་འདུག
དེ་ཡང་ཕ་ཡུལ་དྲ་གནས་ནང་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན། བོད་ནང་ཉིན་རེ་ནས་ཉིན་རེ་གནས་ཚུལ་ཛ་དྲག་ཏུ་འགྲོ་བཞིན་པའི་དུས་ཚོད་འདིར་བཙན་བྱོལ་ནང་ཡོད་པའི་བོད་གཞུང་མང་གཉིས་ཀའི་ཐོག་ནས་ལས་འགུལ་སྤེལ་དང་སྤེལ་འཆར་ཡོད་པ་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཀྱང་རྒྱ་གར་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་ལ་ཞུ་གཏུགས་གནང་བཞིན་ཡོད་འདུག
དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ནས་ཕ་ཡུལ་གསར་འགྱུར་བརྒྱུད་ལམ་ལ་གསུངས་པར་ལྟར་ན། བོད་ནང་དང་ལྷག་པར་དུ་ཨ་མདོ་རྔ་བ་ཀིརྟི་དགོན་པ་དང་། ས་ཁུལ་དེའི་ནང་རྒྱ་ནག་གཞུང་ནས་སྡུག་སྦྱོང་དང་དྲག་གནོན་ཇི་ལྟར་བྱེད་ཀྱི་ཡོད་མེད་ཀྱི་གནས་སྟངས་རྣམས་གཞུང་ཚབ་ཁག་ལ་ཞུས་པའི་སྐབས་ཁོང་རྣམས་པས་ཐུགས་འཚབ་དང་། སྦྲགས་རྒྱ་ནག་ནང་ཡོད་པའི་ཁོང་ཚོའི་གཞུང་ཚབ་པ་བརྒྱུད་རྒྱ་ནག་གཞུང་ལ་ཞུ་བརྒྱུད་གནང་རྒྱུའི་ཁས་ལེན་གནང་གི་ཡོད་ལུགས་གསུངས་འདུག ཡང་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ནས་མུ་མཐུད་ནས། ང་ཚོས་འདི་ཁུལ་མུ་མཐུད་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། ལྷག་པར་དུ་རིང་མིན་ཕ་རན་སིའི་ནང་བསྐོངས་ཚོགས་གནང་རྒྱུའི་G 20 ཞེས་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་སྐབས་མཉམ་ཞུགས་གནང་མཁན་གྱི་རྒྱལ་ཁབ་དེ་དག་ནས། རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏོ་ཡང་ཚོགས་འདུ་དེར་ཕེབས་ཀྱི་ཡོད་པའི་ཆ་ནས་བཀའ་མོལ་གནང་དགོས་པའི་ཞུ་བརྒྱུད་གནང་འཆར་ཡོད་ཅེས་འགྲེལ་བརྗོད་གནང་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲ་རྒྱའི་ནང་། དམིགས་བསལ་ཨ་མདོ་རྔ་པ་ཁུལ་གྱི་གནས་ཚུལ་སྐོར་འབྲེལ་ཡོད་ལས་ཁུངས་ཁག་ལ་ཞུ་སྙན་ཕུལ་རྒྱུའི་གོ་རིམ་ཞིག་ཀྱང་ཡོད་པ་དེ་དག་ཐོག་ས་རྟག་བཀོད་ནས་ཚང་མས་ཞུ་སྙན་དབུལ་དགོས་པའི་སྐུལ་མ་ཡང་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎