སྲིད་སྐྱོང་མཆོག་གིས་འོས་བསྡུ་དང་འབྲེལ་བའི་སྒྲིག་ཁྲིམས་བསྐྱར་བཅོས་ལ་མིང་རྟགས་བཀོད་གནང་འདུག


2018.10.03
སྲིད་སྐྱོང་མཆོག་གིས་འོས་བསྡུ་དང་འབྲེལ་བའི་སྒྲིག་ཁྲིམས་བསྐྱར་བཅོས་ལ་མིང་རྟགས་བཀོད་སྐབས། ༢༠༡༨།༡༠།༣ སྲིད་སྐྱོང་མཆོག་གིས་འོས་བསྡུ་དང་འབྲེལ་བའི་སྒྲིག་ཁྲིམས་བསྐྱར་བཅོས་ལ་མིང་རྟགས་བཀོད་སྐབས། ༢༠༡༨།༡༠།༣
RFA

སྲིད་སྐྱོང་མཆོག་གིས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་སྐབས་གཏན་འབེབས་བྱུང་བའི་ཁྲིམས་སྒྲིག་ཁག་ལ་ཆོག་མཆན་མིང་རྟགས་བཀོད་གནང་འདུག
ཕྱི་་ཟླ་ ༡༠ ཚེས་ ༣ ཉིན་གྱི་སྔ་དྲོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ནང་གི་གསར་འགོད་ལྷན་ཚོགས་ཤིག་སྐོང་གནང་བའི་ཐོག ཉེ་ལམ་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་གཏན་འབེབས་བྱུང་བའི་འོས་བསྡུའི་སྒྲིག་གཞི་གཙོ་བོར་བྱས་པའི་ཁྲིམས་སྒྲིག་ཁག་ལ་ཁྲིམས་ཆགས་པའི་མཚན་རྟགས་བཀོད་པ་ཡོད་པ་རེད།
སྐབས་དེར་སྲིད་སྐྱོང་མཆོག་གིས་དེ་སྔ་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུ་དུས་ཡུན་རིང་དྲག་པའི་རྐྱེན་གྱིས། དུས་ཚོད་ཐུང་དུ་གཏོང་དགོས་ཀྱི་འདུག་ཅེས་གསུང་མཁན་སྤྱི་མོས་བྱུང་ཡོད། དེ་སྔ་ཡིན་ན་དངོས་གཞིའི་འོས་བསྡུ་རང་གི་སྐབས་སུ་ཟླ་བ་དྲུག་དང་ཉི་མ་རྩིས་པ་ཡིན་ན་ཉི་མ་ ༡༨༠ འགོར་གྱི་ཡོད། དེའི་སྒང་སྔོན་འགྲོ་རྩིས་ན་ཉིན་གྲངས་ ༢༠༠ ལྷག་འགོར་གྱི་ཡོད་པ་འགྲེལ་བརྗོད་གནང་ཞིང་།  སླད་ཕྱིན་ཉིན་གྲངས་ ༡༠༠ ལས་ཉུང་བའི་ནང་འོས་བསྡུ་ཚར་དགོས་པའི་འགྱུར་བ་དེ་ནི།  དུས་ཚོད་ལྡབ་གཅིག་ཉུང་དུ་ཕྱིན་པ་ཞིག་ཡིན་པ་དང་།   ད་ནས་བཟུང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་བཞེང་དགོས་ན་གང་ཟག་སྒེར་སོ་སོས་བཞེངས་ཏེ་འོས་ཤོག་ཐོབ་ཐབས་དགོས་པ་མ་གཏོགས། ཆོལ་ཁ་དང་ཚོགས་པ་ཁག་གིས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་མིང་འདོན་བྱེད་པ་དང་གསལ་བསྒྲགས་རིགས་གཏན་ནས་སྤེལ་མི་ཆོག་པ་གསལ་པོ་ཆགས་ཡོད་སྐོར་སོགས་གསལ་སྟོན་གནང་འདུག
སྤྱི་འཐུས་གྲོས་ཚོགས་ནས་ཆོལ་ཁ་དང་ཚོགས་པ་སྐྱིད་སྡུག་ཁག་གིས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་འདོན་མི་ཆོག་པ་གཏན་འབེབས་གནང་ཡོད་ཀྱང་། དྲ་རྒྱའི་བརྒྱུད་ལམ་གྱི་ཐོག་ནས་འོས་མི་སུ་རུང་ལ་རྒྱབ་སྐྱོར་གྱི་མིང་འདོན་ཆོག་དང་མི་ཆོག་བསྐྱར་བཅོས་ཕྱིན་པའི་འོས་བསྡུའི་སྒྲིག་གཞིའི་ནང་གསལ་ཁ་མེད་པ་རེད།

གསར་འགོད་པ་ཨྱོན་བསྟན་འཛིན་དང་། བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎