རྒྱ་ནག་གཞུང་གིས་མགོ་ལོག་དར་ལག་རྫོང་གི་བོད་མི་བརྒྱད་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ།

2023.10.26
རྒྱ་ནག་གཞུང་གིས་མགོ་ལོག་དར་ལག་རྫོང་གི་བོད་མི་བརྒྱད་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ། མགོ་ལོག་དར་ལག་རྫོང་གི་བོད་མི་བརྒྱད་ལ་ཆོས་ལུགས་དང་ཚོ་ཤོག་དབང་ཤུགས་བེད་སྤྱོད་དང་རྒྱུ་དངོས་གཡོ་ལེན་བྱས་ཚུལ་གྱི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱས་ཡོད་པ།
རྒྱ་ནག་གཞུང་གི་དྲ་རྒྱ།

མགོ་ལོག་དར་ལག་རྫོང་གི་བོད་མི་བརྒྱད་ལ་ཆོས་ལུགས་དང་ཚོ་ཤོག་དབང་ཤུགས་བེད་སྤྱོད་དང་རྒྱུ་དངོས་གཡོ་ལེན་བྱས་ཚུལ་གྱི་ནག་ཉེས་བཙུགས་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་ཐོན་འདུག
མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་མགོ་ལོག་དར་ལག་རྫོང་གི་བོད་མི་མགོན་རྣམ་དང་། མགོན་ཚེ། འཇིགས་མེད་བསྟན་འཛིན། དཔལ་ལྡན། བློ་ཆོས་རྣམ་རྒྱལ། ནོར་སྣེས། སྐལ་བཟང་བཅས་མི་བརྒྱད་པོ་ད་ལྟ་དར་ལག་རྫོང་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་ལ། འདི་འབྲེལ་རྒྱ་ནག་གཞུང་གིས་བཀོད་ཁྱབ་བཏང་པའི་ཡིག་ཆ་ཞིག་ཀྱང་འདི་ག་རླུང་འཕྲིན་ཁང་ལ་ལག་སོན་བྱུང་ཡོད། དེ་བཞིན་བོད་མི་དེ་དག་ལ་ཆ་རྒྱུས་ཡོད་མཁན་མི་སྣ་ཞིག་གིས་བོད་གནས་ལྟ་ཞིབ་ཁང་ལ་བརྗོད་ན། བོད་མི་དེ་དག་ཚང་མ་དར་ལག་རྫོང་རྒྱུད་སྨད་གྲོང་བརྡལ་ནས་ཡིན་ཞིང་ཁོང་ཚོས་ཆོས་ལུགས་བྱེད་སྒོ་སྤེལ་ཆེད་ཞལ་འདེབས་བསྡུ་རུབ་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་བརྗོད་འདུག
ཡིན་ནའང་རྒྱ་ནག་གཞུང་འབྲེལ་དར་ལག་རྫོང་ཉེན་རྟོག་ལས་ཁུངས་ཀྱིས་ཕྱི་ལོ་༢༠༢༣ལོའི་ཕྱི་ཟླ་༡༠པའི་ཚེས་༢༠ཉིན་བརྡ་ཐོ་ཞིག་སྤེལ་བ་ལག་སོན་བྱུང་པའི་ནང་། ཉེ་ཆར་དར་ལག་རྫོང་ཉེན་རྟོག་ལས་ཁུངས་ནས་མགོན་རྣམ་དང་མགོན་ཚེ་སོགས་ནས་ཟིང་སློང་དང་རྒྱུ་དངོས་གཡོ་ལེན་བྱས་པའི་གྱོད་དོན་ཞིག་རྩད་ཆོད་ཡོད་ཚུལ་དང་། མགོན་རྣམ་དང་མགོན་ཚེ་སོགས་ཀྱི་ཁོང་ཚོ་དཔོན་སྐོར་ཚོ་བའི་དཔོན་རྒྱུད་ཡིན་པའི་མིང་ཐོག་ནས་ནམ་རྒྱུན་ཆོས་ལུགས་ཀྱི་མིང་ཐོག་ནས་ཆོས་ལུགས་བེད་སྤྱོད་དང་དཔོན་རྒྱུད་དབང་ཤུགས་བེད་སྤྱོད་ཀྱིས་འཇིགས་མེད་བསྟན་འཛིན་དང་དཔལ་ལྡན་སོགས་རྩ་འཛུགས་ཀྱིས་རྒྱུ་དངོས་གཡོ་ལེན་དང་ཟིང་ཆ་སློང་ཚུལ་བཀོད་ནས། ད་ལྟ་གོང་བརྗོད་མི་སྣ་དེ་དག་ཁྲིམས་ལྟར་བཙོན་འཇུག་བྱས་ཡོད་པ་བཀོད་འདུག་ལ། ད་དུང་བོད་མི་དེ་དག་གི་གྱོད་དོན་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཐད་བདེན་དཔང་བྱེད་མཁན་དང་གནས་ཚུལ་རིན་ཐང་ཅན་མཁོ་སྤྲོད་བྱེད་མཁན་ལ་ཉེན་རྟོག་པས་གསང་བ་དམ་པོ་བྱེད་རྒྱུ་མ་ཟད་གཟེངས་རྟགས་སྤྲོད་རྒྱུ་དང་། ཡང་དོག་ཡོད་མི་སྣའི་གནས་ཚུལ་སྦས་གསང་བྱེད་མཁན་དང་བདེན་དཔང་མེད་བརླག་བྱེད་པ་། བདེན་དཔང་མི་སྣར་ཉེན་སྐུལ་བྱེད་མཁན་ལ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་རྒྱུ་སོགས་བཀོད་ཡོད་པ་རེད།།
གསར་འགོད་པ། ལྕགས་མོ་འཚོ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུ

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎