བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲའི་དགེ་རྒན་གྱི་ཟབ་སྦྱོང༌།

བཙན་བྱོལ་ནང་གི་བོད་པའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་ཁག་ཅིག་ལ་ཚན་རིག་དང་ཨང་རྩིས་སློབ་ཁྲིད་ཀྱི་ཐབས་ལམ་སྐོར་ཟབ་སྦྱོང་།

2009.07.24

༄༅༎བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཟླ་བ་འདིའི་ཕྱི་ཚེས་བཅུ་བཞི་ནས་ཉི་ཤུ་གཉིས་བར་ཉིན་གྲངས་དགུའི་རིང་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བཙན་བྱོལ་ནང་གི་བོད་པའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་ཁག་ཅིག་ལ་ཚན་རིག་དང་ཨང་རྩིས་སློབ་ཁྲིད་ཀྱི་ཐབས་ལམ་སྐོར་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པ་རེད།

དེ་ཡང་ཕྱི་ཚེས་བཅུ་བཞི་ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་མཆོག་ནས་ཉིན་ཐོག་མའི་ཟབ་སྦྱོང་གི་དབུ་འབྱེད་གནང་བ་དང་ཟབ་སྦྱོང་དེའི་ནང་དུ་རྒྱ་གར་དུ་ཡོད་པའི་དབུས་བོད་སློབ་འཛིན་སྐྱོང་དང་སམ་སྦོ་ཊའི་སློབ་གྲྭའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ཉི་ཤུ་རྩ་གཉིས་ནས་དགེ་རྒན་ཉི་ཤུ་རྩ་གཉིས་མཉམ་ཞུགས་གནང་སྟེ་ཀེར་ལོག་ཐེབས་རྩའི་སློབ་སྤྱི་མཁས་དབང་ཤེ་ལེན་ཌར་གུབ་ཊ་མཆོག་དང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཟུང་དྲུང་བཀྲ་ཤིས་རྡོ་རྗེ་ལགས་རྡ་རམ་ས་ལའི་ཉེ་འཁྲིས་སུ་གསར་འཛུགས་གནང་བའི་རྡ་ས་བོད་ཁྱིམ་ཡན་ལག་སློབ་གྲྭ་སུ་ཇ་བོད་ཁྱིམ་ཀྱི་སློབ་དགེ་དཔལ་མོ་ལགས་བཅས་ནས་ཨང་རྩིས་སློབ་ཁྲིད་གནང་སྟངས་ཀྱི་ཐབས་ལམ་ཟབ་སྦྱོང་གནང་བ་དང་དེ་ནས་སེ་ལ་ཀུལ་བོད་ཁྱིམ་གྱི་སློབ་སྤྱི་འབྲུག་ཚེ་རིང་ལགས་དང་སྤོན་ཊ་གཏན་འཇགས་སློབ་གྲའི་ཚན་རིག་སློབ་དགེ་བསྟན་འཛིན་རྡོ་རྗེ་ལགས་གཉིས་ནས་ཚན་རིག་སློབ་ཁྲིད་ཀྱི་ཐབས་ལམ་སྐོར་ཟབ་སྦྱོང་གནང་ཡོད་པ་རེད། གཞན་ཡང་ཟབ་སྦྱོང་དུ་ཕེབས་པའི་དགེ་རྒན་ཚོར་ཤེས་ཡོན་གྱི་སྐོར་དང་ཤེས་ཡོན་ལ་དོ་སྣང་སླེབས་ཐབས།ཡ་རབས་སྤྱོད་བཟང༌།བོད་ཀྱི་ཐུན་མོང་མ་ཡིན་པའི་བོད་མིའི་སྐད་མདངས་སོགས་ཀྱི་སྐོར་ལ་ཆེད་ལས་པ་ཁག་ཅིག་གིས་ཟབ་སྦྱོང་གནང་སྟེ་ཕྱི་ཚེས་ཉི་ཤུ་གཉིས་ཀྱི་ཕྱི་དྲོ་བོད་གཞུང་ཤེས་རིག་བཀའ་བློན་མཆོག་གིས་ཟབ་སྦྱོང་དུ་ཞུགས་པའི་དགེ་རྒན་ཚོར་ཕྱག་འཁྱེར་གནང་བ་དང་ཆབས་ཅིག་མཇུག་བསྡོམས་གསུང་བཤད་གནང་སྟེ་ཉིན་དགུའི་ཟབ་སྦྱོང་དེ་མཇུག་སྒྲིལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎