ཨེ་ཀོཝ་དོར་དུ་ས་འགུལ་གྱི་གནོད་འཚེ་ཆེན་པོ་ཕོག་པ།
2016.04.17

༄༅༎ཕྱི་ཟླ་༤ཚེས་༡༦ རེས་གཟའ་སྤེན་པའི་ཉིན་Ecuador ཡུལ་གྲུའི་ནང་ས་ཡོམ་འགུལ་ཚད་༧ དང་གྲངས་ཆུང་༨ བརྒྱབ་ནས་དེ་རིང་བར་དུ་མི་གྲངས་༧༧ རྐྱེན་ལམ་དུ་ཕྱིན་པ་དང་མི་གྲངས་༥༠༠ ལྷག་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་ཤག
Ecuador ཡུལ་གྲུའི་ནང་༡༩༧༩ རྗེས་ལ་ད་རེས་ས་ཡོམ་འགུལ་ཚད་ཤུགས་ཆེ་ཤོས་རྒྱབ་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཁྱོན་ཡོངས་ནས་གནོད་སྐྱོན་ཚབས་ཆེན་པོ་བཟོས་ཡོད་པའི་གནས་ཚུལ་ཐོན་ཡོད་པར་བརྟེན་ནས་Ecuador སྲིད་འཛིན་མཆོག་གིས་Italy ནང་གི་འཚམས་འདྲི་མཚམས་འཇོག་གནང་སྟེ་རྒྱལ་ཁབ་ཏུ་ཕྱིན་ལོག་གནང་བ་ཟད་། ཛ་དྲག་གི་གསུང་འཕྲིན་གནང་ཡོད་པ་རེད་། ད་རེས་ཀྱི་གོད་ཆགས་དེ་ནི་སྡུག་བསྔལ་ཆེན་པོ་ཞིག་ཡིན་པ་དང་། མང་ཚོས་ནས་ལྷིང་འཇགས་དང་གཅིག་སྒྲིལ་བྱ་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་། ང་ཚོ་ཚང་མ་སེམས་མི་ཞུམ་པ་བྱ་དགོས་། ང་ཚོས་དཀའ་སྡུག་དེ་ལས་རྣམ་པར་རྒྱལ་ཐུབ་པ་བྱ་རྒྱུ་ཡིན་། ས་ཡོམ་ནང་གནོད་སྐྱོན་ཕྱིན་པའི་རྒྱ་ལམ་དང་སྨན་ཁང་རྣམས་བསྐྱར་དུ་འཛུགས་སྐྲུན་བྱ་ཆོག་གི་རེད་། འོན་ཀྱང་མི་དམངས་ཀྱི་ཚེ་སྲོག་ཕྱིར་ལོག་ཡོང་ཐབས་མེད་པ་དེ་ནི་ང་ཚོའི་སེམས་ཀྱི་ན་ཟུག་ཆེ་ཤོས་རེད་ཅེས་དང་། རྒྱལ་ཁབ་ནས་གནོད་འཚེ་ཐེབས་ཡུལ་ས་གནས་སུ་དམག་དཔུང་ཁྲི་གཅིག་དང་ཉེན་རྟོགས་པ་གསུམ་སྟོང་ལྔ་བརྒྱ་ཉེན་སྐྱོབ་ཏུ་ཆེད་གཏོང་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད་།།གསར་འགོད་པ་གཡུ་སྒྲོན།