དཔལ་འབྱོར་དཀའ་ངལ་འོག་རྒྱ་གར་ནང་འགྲོ་སོང་ཇེ་ཉུང༌།

དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་དེས་རྒྱ་གར་ནང་དུས་ཆེན་སྐབས་འགྲོ་སོང་གཏོང་རྒྱུར་ཡང་རང་བཞིན་གྱི་དོ་ཕོག་འགྲོ་སྲིད་པའི་ཚོད་རྩིས།

2011.09.04

༄༅༎དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་དེས་རྒྱ་གར་ནང་། དུས་ཆེན་གལ་ཆེ་ཁག་སྲུང་བརྩི་ཞུས་པའི་སྐབས་འགྲོ་སོང་གཏོང་རྒྱུར་ཡང་རང་བཞིན་གྱི་དོ་ཕོག་འགྲོ་སྲིད་པའི་ཚོད་རྩིས་བྱེད་ཀྱི་ཡོད་འདུག

རྒྱ་གར་ནང་རིག་གཞུང་དང་ཆོས་ཕྱོགས་ཀྱི་དུས་ཆེན་ཁག་མང་པོ་ཞིག་ཡོད་པའི་ཁོངས་སུ་ཨིད་ཨུལ་ཕི་ཏར་དང་། དི་ཝ་ལི་ཞེས་པའི་དུས་ཆེན་དེ་གཉིས་སྐབས་ཁྲོམ་རའི་ནང་། མོ་དྲ་དང་། གསེར་དང་རྒྱན་ཆ། དེ་བཞིན་འཕྲུལ་ཆས་རིགས་ཚོང་བསྒྱུར་བྱེད་རྒྱུའི་དུས་ཚོད་ཡག་ཤོས་ཤིག་བརྩི་ཡི་ཡོད་པ་མ་ཟད་རྒྱ་གར་མང་ཚོགས་ནས་དུས་ཆེན་དེ་གཉིས་སུ་དམིགས་བསལ་དངོས་ཆས་ཉོ་གི་ཡོད་པ་རེད། ཡིན་ནའང་ལོ་འདིར་དངོས་ཆས་ཚང་མར་རིན་གོང་ཧ་ཅང་ཆེན་པོ་འཕར་བ་དང་།

འབུན་གཡར་གྱི་སྐྱེད་མཐོ་བ་སོགས་ཀྱིས་འགྲོ་སོང་གཏོང་རྒྱུའི་ཐོག་འཛེམས་བཟོན་བྱེད་རྒྱུའི་ཉེན་ཁ་ཡོད་པའི་དཔྱད་ཞིབ་བྱེད་ཀྱི་ཡོད་འདུག དེ་ཡང་དཔལ་འབྱོར་ཉམས་ཞིབ་པ་སི་དར་ཐ་སན་ཡལ་ནས། བཅའ་དངོས་རིན་གོང་ཆེན་པོ་དང་། འབུན་གཡར་གྱི་ཐོག་ནས་ཉོ་དགོས་པའི་དངོས་ཟོག་རིགས་ལ་དོ་ཕོག་ཐེབས་རྒྱུ་ཉེན་ཁ་ཡོད་ལུགས་གསུངས་འདུག ཡང་མོ་ཊ་ཉོ་ཚོང་ཉམས་ཞིབ་པ་ས་བྷ་རཏ་ནས། མང་ཚོགས་ཀྱི་ཡོང་བབས་ཆེ་རུ་འགྲོ་ན་མ་གཏོགས་གནས་སྟངས་ཡག་ཏུ་འགྲོ་རྒྱུ་མིན་ལུགས་འགྲེལ་བརྗོད་བྱེད་པ་སོགས་གང་ལྟར་མོ་ཊ་དང་བཅའ་དངོས་གཞན་ཁག་གི་ཐོག་རིན་གོང་དམིགས་བསལ་གཅོག་ཆ་བྱེད་ཀྱང་དེ་ཙམ་འགྲོ་རྒྱུགས་ཆེན་པོ་ཡོང་བཟོ་མེད་པའི་དཔྱད་ཞིབ་བྱེད་ཡོད་པ་རེད། འོན་ཀྱང་རྒྱུན་གཏན་རྒྱ་གར་ནང་ཆང་སའི་གཉེན་བསྒྲིགས་ཀྱི་དུས་ཚོད་ཕྱི་ཟླ་བཅུ་གཉིས་པའི་ནང་ཡིན་སྟབས་དེའི་སྐབས་གསེར་གྱི་ཚོང་འགྲེམས་ལ་དེ་ཙམ་དོ་ཕོག་འགྲོ་བཟོ་མེད་པ་དང་དེའི་རྒྱུ་མཚན་ནི་གསེར་གྱི་འགྲོ་རྒྱུགས་འཛམ་གླིང་ཁྱོན་ཡོངས་སུ་མ་རྩ་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དེས་ཡིན་པའི་དགོངས་ཚུལ་གསུངས་ཀྱི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎