ས་ཡོམ་གྱི་གནོད་ཐེབས་མི་མང་ཕྱིར་འགྲམ་གྲོང་བརྡལ་ལ་ལོག་རེ་གནང་གི་འདུག


2019.01.11
བལ་བོད་ས་མཚམས་ཀྱི་འགྲམ་གྲོང་ཚོ། བལ་བོད་ས་མཚམས་ཀྱི་འགྲམ་གྲོང་ཚོ།
K.Shrestha

དེ་སྔ་ས་འགུལ་གྱི་རྐྱེན་པས་འགྲམ་ནས་གཞིས་ཀ་རྩེ་རུ་གནས་སྤོར་བྱས་བའི་མང་ཚོགས་ཚོས་ཕྱིར་འགྲམ་གྲོང་བརྡལ་དུ་ལོག་ཐུབ་པའི་རེ་བ་བྱེད་བཞིན་ཡོད་འདུག
དེ་ཡང་དེ་སྔ་༢༠༡༥་ལོར་བལ་ཡུལ་དང་བོད་ཀྱི་ས་འཚམས་བཅས་སུ་ས་འགུལ་གྱིས་གོད་ཆགས་བྱུང་རྗེས། བོད་ཀྱི་མཐའ་མཚམས་གཉའ་ལམ་རྫོང་འགྲམ་གྲོང་སྡེ་ནས་ཡིན་པའི་གྲོང་སྡེ་བཞི་ཙམ་རྒྱ་ནག་གཞུང་གི་བཀོད་སྒྲིག་འོག་གཞིས་ཀ་རྩེ་རུ་གནས་སྤོར་བྱས་དེ་ད་བར་དུ་མི་ལོ་གསུམ་ལྷག་འགོར་ཟིན་པ་དང་། མང་ཚོགས་ནང་མི་འགྱངས་བར་འདི་ལོའི་སྤྱི་ཟླ་བཞི་བའི་ནང་དུ་འགྲམ་གྲོང་བརྡལ་གྱི་ས་འཚམས་འགག་སྒོ་ཕྱེ་རྒྱུ་ཡིན་པའི་སྐད་ཆ་ཞིག་གླེང་སློང་བྱེད་བཞིན་ཡོད་པ་ལ་བརྟེན་ནས་གནས་སྤོར་མང་ཚོགས་རྣམས་གང་མགྱོགས་ཕྱིར་རང་གི་ས་གནས་སུ་ལོག་འདོད་ཆེན་པོ་བྱེད་བཞིན་པའི་སྐོར་ད་ལྟ་རྒྱ་གར་ནང་གནས་སྡོད་ལྷུན་འགྲུབ་ལགས་སུ་བོད་ནས་སྤུན་མཆེད་རྒྱུད་གནས་ཚུལ་འབྱོར་བ་འདི་གའི་གསར་འགོད་པར་ངོ་སྤྲོད་བྱས།
ཁོང་གིས། དེ་སྔ་ས་འགུལ་གྱི་རྐྱེན་པས་འགྲམ་གྲོང་སྡེ་ནས་གཞིས་ཀ་རྩེ་རུ་གནས་སྤོར་བྱས་བའི་མང་ཚོགས་མང་པོ་ཞིག་གིས་མི་རིང་བར་རྒྱལ་ཁབ་ཀྱིས་ཕྱིར་འགྲམ་གྲོང་བརྡལ་དུ་ལོག་འཇུག་རྒྱུའི་རེ་བ་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྒྱུ་མཚན་གཞིས་ཀ་རྩེ་རུ་གནམ་གཤིས་དང་འཚོ་བ་གོམ་ལོབ་དུ་འགྲོ་དཀའ་བ་ལྷག་པར་དུ་གཞོན་སྐྱེས་རྣམས་ལ་མཚོན་ན་གཞིས་ཀ་རྩེ་རུ་ཞོར་ལས་དང་ཟ་ཁང་ཚོང་ཁང་སོགས་གཉེར་རྒྱུའི་གོ་སྐབས་ཡོད་ཀྱང་ལོ་ལོན་རྒན་རྣམས་ནི་ས་ཆ་མི་ལོབ་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག རྒྱ་ནག་གཞུང་གི་ངོས་ནས་མཐུན་འགྱུར་རོགས་གནང་བཞིན་ཡོད་ཅིང་ཕྱིར་རང་གི་ས་གནས་སུ་མ་བཏང་བར་བཀག་འགོག་བྱས་ནས་བཞག་ཡོད་པར་འདོད་མོས་བྱེད་ཀྱི་ཡོད་པ་མ་རེད། གལ་སྲིད་གང་མགྱོགས་འགྲམ་གྱིས་འགག་སྒོ་ཕྱེས་བ་ཡིན་ན་ཚོང་ལམ་དང་ཕྱོགས་གང་ཅིའི་ཐད་ནས་ཡུལ་མི་ལ་ཁེ་ཕན་དང་འཚོ་བར་ཁེ་ཕན་ཡོད་པ་རེད་ཅེས་བརྗོད་སོང་།
གཞན་ཡང་གནས་ཚུལ་དང་འབྲེལ་བའི་སྐོར་ལ་རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་གཞིས་ཀ་རྩེ་ནས་འགྲམ་བར་དུ་གཞུང་ལམ་ཚང་མ་བསྐྱར་གསོ་ལེགས་འགྲུབ་བྱུང་ནས་ད་བར་དུ་རྒྱུན་རིང་པོ་འགོར་ཡོད་པ་དང་། གནས་སྤོར་གྲོང་སྡེ་རེ་རེ་བྱས་ནས་དུད་ཁྱིམ་རེ་ཡིས་མི་གཉིས་རེ་འགྲམ་གྲོང་བརྡལ་དུ་སོ་སོའི་སྡོད་ཁང་ལ་ལྟ་རུ་དམག་མིའི་ལྟ་སྲུང་འོག་ཡོང་གི་འཇུག་གི་ཡོད་པ་རེད་འདུག་ལ་དམིག་གསལ་མང་ཚོགས་རྣམས་དངོས་སུ་ཕྱིར་རང་གི་ས་གནས་སུ་གཏོང་རྒྱུར་གནས་སྐབས་ཐག་གཅོད་ཅི་ཡང་མ་བྱས་བར་ལྷག་ཡོད་འདུག་པ་དང་། ད་དུང་གཞིས་ཀ་རྩེ་རུ་གནས་སྤོར་མང་ཚོགས་ལ་སྡོད་ཁང་གསར་རྒྱག་གིས་བགོ་འགྲེམས་བྱས་ཡོད་ཀྱང་རིན་དོད་སྒོར་མོ་རྒྱལ་ཁབ་ཀྱི་རོགས་དངུལ་ནང་ནས་སྤྲོད་དགོས་ཀྱིན་ཡོད་འདུག
གཞན་ཡང་མང་ཚོགས་དེ་དག་གིས་ཁྲོད་དུ་ཕྱི་བསྐྱོད་ལམ་ཡིག་བཟོ་རྒྱུའི་སྙན་ཞུ་རྒྱག་མཁན་མང་པོ་བྱུང་ཡོད་འདུག་ཀྱང་དངོས་སུ་ཕྱི་བསྐྱོད་ལམ་ཡིག་ལག་དུ་རག་ཡོད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་རེད་འདུག།

གསར་འགོད་པ་ཀུན་བཟང་བསྟན་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎