སེར་ཤུལ་རྫོང་དུ་འགུལ་ཚད་རིམ་པ་ལྔ་ཚེག་དྲུག་ཡིན་པའི་ས་འགུལ་རྒྱབ་འདུག


2020.04.01
ས་ཡོམ་ཁྲོད་ཁང་པར་སེར་གས་བྱུང་ཡོད་པ། ༢༠༢༠།༤།༡ ས་ཡོམ་ཁྲོད་ཁང་པར་སེར་གས་བྱུང་ཡོད་པ། ༢༠༢༠།༤།༡
བོད་འབྱོར།

དཀར་མཛེས་ཁུལ་སེར་ཤུལ་རྫོང་དུ་འགུལ་ཚད་རིམ་པ་ལྔ་ཚེག་དྲུག་ཡིན་པའི་ས་འགུལ་རྒྱབ་ནས་ཁང་པ་མང་པོ་སེར་གས་བྱུང་འདུག
སྤྱི་ཟླ་བཞི་བའི་ཚེས་༡་ཉིན་གྱི་དགོང་མོར་སི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་རྫོང་དུ་ས་ཡོམ་རྒྱབ་ཡོད་པ་དང་། ས་ཡོམ་དེ་བོད་ནང་གི་ཉེ་འཁོར་གྱི་ས་ཁུལ་མང་པོ་ནས་ཚོར་ཡོད་པ་དྲ་ལམ་ཁག་ན་གླེང་བཞིན་འདུག
རྗེས་སུ་རྒྱ་ནག་གི་གསར་ལམ་ཁག་ལ་གནས་ཚུལ་ནང་། དཀར་མཛེས་ཁུལ་སེར་ཤུལ་རྫོང་དུ་ས་འགུལ་དེ་འདི་ཚེས་༡་ཉིན་གྱི་དགོང་མོའི་ཆུ་ཚོད་༨:༢༣་སྟེང་རྒྱབ་ཡོད་པ་དང་། ས་འགུལ་དེའི་འགུལ་ཚད་རིམ་པ་༥.༦ ་དང་ཟབ་ཚད་སྤྱི་ལེ་ ༡༠ ་ཡིན། མིག་སྔར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་གསལ་བོ་མེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་ཁག་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་བཀོད་འདུག
ཡིན་ཡང་། ཝེ་པོ་(Weibo)་སོགས་སྤྱི་ཚོགས་དྲ་ལམ་ཁག་ཏུ་སེར་གས་བྱུང་བའི་ཁང་པའི་པར་རིས་མི་ཉུང་བ་སྤེལ་ནས། ས་གནས་ཀྱི་བོད་མིའི་སྡོད་ཁང་མི་ཉུང་བར་སེར་གས་བྱུང་ནས་ཉེན་ཁ་ཅན་དུ་གྱུར་ཡོད་པ་སོགས་བྲིས་འདུག
དེ་བཞིན་གསེར་རྟ་ཕྱོགས་ཀྱི་བོད་མི་ཞིག་གིས། ཁོ་རང་གསེར་རྟ་རྫོང་ན་ཡོད་ཀྱང་ས་ཡོམ་དེའི་འགུལ་ཤུགས་ཆེན་པོ་ཚོར་བྱུང་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎