རྒྱ་ནག་གི་ལྷོ་ནུབ་ས་ཁུལ་དུ་ས་ཡོམ་ཤུགས་ཆེ་ཞིག་རྒྱབ་འདུག

རྒྱ་ནག་གི་ལྷོ་ནུབ་ས་ཁུལ་དུ་ས་ཡོམ་རྒྱབ་སྟེ་མི་ཉི་ཤུ་རྩ་ལྔ་རྐྱེན་ལམ་དུ་ཕྱིན་པ་དང་མི་དམངས་སུམ་བརྒྱ་ལྷག་རྨས་སྐྱོན་ཕོག་ཡོད་འདུག།

2008.08.31

༄༅༎རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ལྷོ་ནུབ་ས་ཁུལ་དུ་ས་ཡོམ་འགུལ་ཚད་༦དང་གྲངས་ཆུང་༡ བྱས་པ་ཞིག་རྒྱབ་སྟེ་མི་༢༥ རྐྱེན་ལམ་དུ་ཕྱིན་པ་དང་མི་དམངས་སུམ་རྒྱ་ལྷག་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང༌། རེས་གཟའ་སྤེན་པའི་ཕྱི་དྲོ་རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་དང་ ཡུ་ནན་ཞིང་ཆེན་གྱི་ས་མཚམས་ས་ཁུལ་དུ་ས་ཡོམ་གྱི་རང་འབྱུང་གནོད་འཚེ་བྱུང་ཡོད་པ་དང་ ཡུ་ནན་ཞིང་ཆེན་ཁོ་ནའི་ནང་གནོད་འཚེ་དེའི་ཐོག་ནས་སྡོད་ཁྱིམ་འབུམ་གཅིག་དང་ཁྲི་གསུམ་གནོད་འཚེ་བྱུང་ཡོད་པའི་སྐོར་དང༌། ཟི་ཁྲོན་ཞིང་ཆེན་དེ་ནི་ཁ་སྔོན་ཕྱི་ཟླ་ལྔ་པའི་ཚེས་༡༢ ཉིན་ས་ཡོམ་འགུལ་ཚད་ཧ་ཅང་གི་ཤུགས་ཆེ་རྒྱབ་ཡུལ་ཞིག་ཡིན་པ་དང་དེ་རིང་སྔ་དྲོ་བར་ཤེས་རྟོགས་བྱུང་བར་ཟི་ཁྲོན་ཞིང་ཆེན་གྱི་ཧུའེལི་ས་གནས་ནང་ས་ཡོམ་གྱི་གནོད་འཚེའི་འོག་མི་༡༧རྐྱེན་ལམ་དུ་ཕྱིན་པ་དང་མི་༡༩༧ རྨས་སྐྱོན་ཕོག་ཡོད་པ། དེ་བཞིན་ཟི་ཁྲོན་ཞིང་ཆེན་གྱི་ཕན་ཀྲིཧྭ་ཞེས་པའི་གྲོང་ཁྱེར་ནང་མི་གསུམ་རྐྱེན་དུ་ཕྱིན་པ་དང་ཡ་ན་ཞིང་ཆེན་ནང་མི་ལྔ་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་ངེས་གཏན་བྱུང་ཡོད་པར་བརྟེན་དེ་རིང་སྔ་དྲོ་རྒྱ་ནག་གཞུང་གིས་སྤྱི་དམངས་ལས་དོན་ལྷན་ཁང་གིས་ས་ཡོམ་གྱི་རང་འབྱུང་གནོད་འཚེ་དེའི་ནང་ཟི་ཁྲོན་དང་ཡུ་ནན་གཉིས་ནང་ཁྱོན་སྡོམ་མི་གྲངས་༢༠ རྐྱེན་ལམ་དུ་ཕྱིན་པའི་སྡོམ་རྩིས་གསལ་བསྒྲགས་བྱས་ཡོད་པ་རེད། ཤིང་ཧཱ་གསར་ཤོག་དེའི་ཐོག་མུ་མཐུད་གནས་ཚུལ་བཀོད་པར་གཞིགས་ན། ཉེན་སྐྱོབ་རུ་ཁག་ཉིས་སྟོང་ལྷག་གནོད་འཚེ་བྱུང་ཡུལ་གྱིས་ས་གནས་སུ་ཆེད་གཏོང་བྱས་པ་དང་གནོད་འཚེ་ཕོག་པའི་མི་དམངས་ཚོར་ཛ་དྲག་གི་དགོས་མཁོ་ཆེ་བའི་སྡོད་གུར་དང་ཟ་བཅའ། འཐུང་ཆུ། སྨན་བཅོས་སོགས་ཀྱི་རོགས་སྐྱོར་ཆེད་གཏོང་བྱས་པའི་སྐོར་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎