འབྲུག་དང་རྒྱ་གར་བྱང་རྒྱུད་དུ་ས་ཡོམ་རྒྱབ་སྐོར།

འབྲུག་དང་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨའ་སམ་ཁུལ་དུ་ས་ཡོམ་རྒྱབ་ཡོད་པ་དང་གནོད་ཚབས་ག་ཚོད་བྱུང་ཡོད་མེད་གསལ་པོ་མེད་པ་རེད།

2009.09.21

༄༅༎རེས་གཟའ་ཟླ་བའི་ཉིན་འབྲུག་ཡུལ་དང་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨའ་སམ་ཁུལ་དུ་ས་ཡོམ་རྒྱབ་ཡོད་པ་དང་ཡིན་ནའི་ད་ལྟའི་ཆར་གནོད་ཚབས་ག་ཚོད་བྱུང་ཡོད་མེད་གསལ་པོ་མེད་པ་རེད།

ཨ་རིའི་ས་ཡོམ་བརྟག་དཔྱད་ལས་ཁང་གི་སྙན་ཐོའི་ནང་འབྲུག་གི་རྒྱལ་ས་ཐིམ་བུ་ནས་ཀི་ལོ་མི་ཊར་༡༨༠ཙམ་དང་ཨ་ཟམ་མངའ་སྡེའི་གུ་ལྦ་ཧ་ཊི་ཁུལ་ནས་ཀི་ལོ་མི་ཊར་༡༢༥ཙམ་གྱི་སར་གཟའ་ཟླ་བའི་ཉིན་རྒྱབ་ཙམ་དུ་ས་ཡོམ་འགུལ་ཚད་རིམ་པ་དྲུག་དང་ཚག་གསུམ་བྱས་པ་ཞིག་རྒྱབ་པ་གསལ་ཡོད་ཅིང་ཨ་ཟམ་མངའ་སྡེའི་ལས་བྱེད་ཡིན་པ་ས་ཡོམ་རྒྱབ་ས་ནས་ཐག་ཉེ་རིང་མཚམས་ཀྱི་གུ་ལྦ་ཧ་ཊི་ས་ཁུལ་ནང་གནས་སྡོད་བྱེད་མཁན་ཧ་ཛ་རི་ཀ་ཟེར་བས་བརྗོད་ན་ང་ཚོས་ས་ཡོམ་གྱི་འཁྱོམས་རྒྱབ་པ་ཤེས་དུས་ལམ་སེང་ནང་མི་ཚོ་ཕྱི་ལ་འདོན་པ་ཡིན་ ང་ཚོའི་ཐོག་རྩེགས་ཅན་གྱི་ཁང་པར་སེར་ཁ་ཆེན་པོ་གས་པ་མཐོང་རྒྱུ་འདུག དེ་ནི་འདས་པའི་ལོ་མང་རིང་ས་ཡོམ་ཤུགས་ཆེ་ཤོས་ཤིག་རེད་ཅེས་གསུངས་བཞག དེ་མིན་འབྲུག་གི་རྒྱལ་ས་ཐིམ་བུའི་ནང་གནས་སྡོད་གནང་མཁན་ཡུལ་བསྐོར་སྤྲོ་འཆམ་ཞབས་ཞུ་བཀྲིས་དོན་གྲུབ་ལགས་ཀྱིས་གསུངས་ན་ང་ཚོར་ས་ཡོམ་ཤུགས་ཆེ་བྱས་པའི་ཚོར་བ་ཞིག་དེ་མ་ཐག་མི་རྣམས་མགྱོགས་མྱུར་རང་ཁྱིམ་ནས་ཕྱི་ལ་འདོན་ཡོང་གི་འདུག་ཅེས་དང་ཡིན་ནའི་ཁོང་གི་གྲོང་ཁྱེར་དེའི་ནང་གི་ཁང་པར་ས་ཡོམ་གྱི་གནོད་ཚབ་གང་ཡང་བྱུང་མེད་པའི་སྐོར་གསུངས་བཞག ད་རེས་འབྲུག་ཡུལ་དང་རྒྱ་གར་གྱི་ཨ་ཟམ་མངའ་སྡེའི་ཁུལ་དུ་ས་ཡོམ་འགུལ་ཚད་རིམ་པ་དྲུག་ལྷག་རྒྱབ་པའི་འགུལ་ཤུགས་སྦང་ལ་རྡེཤི་དང་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཡང་ཚོར་བ་བྱུང་ཡོད་པ་ཨེ་པི་དང་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎