རྒྱ་ནག་ཏུ་དམངས་གཙོ་དོན་གཉེར་བར་དམ་བསྒྲགས།

གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་གྱི་དུས་དྲན་སླེབས་ལ་ཉེ་བའི་སྐབས་དེར་རྒྱ་ནག་གཞུང་གིས་དེའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་

2009.05.27

༄༅༎པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་བྱུང་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་སླེབས་ལ་ཉེ་བའི་སྐབས་དེར་རྒྱ་ནག་གཞུང་གིས་དེའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་ཅེས་སྐབས་དེར་ངོ་རྒོལ་གི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྒྱ་ནག་གི་མང་གཙོ་དོན་གཉེར་བ་དང་དེ་བཞིན་ཁོང་ཚོའི་ནང་མི་སྤུན་མཆེད་ཚོས་དེ་རིང་རེས་གཟའ་ལྷག་པའི་ཉིན་བཤད་ཡོད་པ་རེད།

རྒྱ་ནག་མང་གཙོ་དོན་གཉེར་བ་པའོ་ཐོང་བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཉེན་རྟོག་མི་སྣས་ཁོ་རང་གི་ཁང་ཁྱིམ་ནས་ཁྲིད་ཕྱིན་པ་རེད་ཅེས་ཁོང་གི་བུ་པའོ་ཕུ་ཡིས་ཕེ་རན་སིའི་གསར་འགྱུར་བརྒྱུད་ལམ་ཁང་དུ་བརྗོད་འདུག ཡིན་ནའང་པའོ་ཕུ་ཡིས་ཁོང་གི་པ་ལགས་རྒྱ་ནག་གི་བདེ་འཇགས་ལས་ཁུངས་ནས་བཙན་ཁྲིད་བྱས་པ་ཞིག་མ་ཡིན་པར་ཁོ་རང་གི་འདོད་པ་ལྟར་ཁྲིད་ཕྱིན་པ་ཞིག་ཡིན་པ་རེད་ཅེས་ཧོང་ཀོང་ནས་ཞལ་པར་བརྒྱུད་གསར་འགོད་པར་བརྗོད་འདུག འདི་ལོ་དགུང་གྲངས་༧༦ལ་ཕེབས་པའི་རྒྱ་ནག་གི་མང་གཙོ་དོན་གཉེར་བ་པའོ་ཐོང་དེ་སྔ་རྒྱ་ནག་གི་དབུ་ཁྲིད་ཟུར་པ་ཀྲའོ་ཙི་དབྱང་ལྷན་དུ་ངན་འབྲེལ་བྱས་ནས་སྐབས་དེར་མང་གཙོར་དགའ་བའི་རྒྱ་ནག་གི་སློབ་ཕྲུག་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ཐོག་རྒྱབ་སྐྱོར་གནང་མཁན་ཤུགས་ཆེ་ཤོས་ཡིན་པའི་ཉེས་བཙུགས་ཀྱིས་ལོ་ངོ་ཉི་ཤུའི་རིང་བཙོན་འཇུག་གམ་བཟང་བཙོན་འོག་གནས་དགོས་བྱུང་ཡོད་པ་རེད། ཕྱི་ལོ་༡༩༨༩ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་ཕྲུག་ཚོའི་མང་གཙོའི་ལས་འགུལ་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་འོག་སློབ་ཕྲུག་བརྒྱ་ཕྲག་གཅིག་ལྷག་ཙམ་རྐྱེན་འདས་སུ་བཏང་ནས་མང་གཙོར་དགའ་བའི་རྒྱ་ནག་གི་མི་མང་ཚོ་སེམས་སྡུག་གི་ནང་ལྷུང་ཏུ་བཅུག་ཡོད་པ་རེད། དེ་བཞིན་ཡང་རྒྱ་ནག་གི་མང་གཙོ་དོན་གཉེར་བ་ཅཱང་ཆི་ཧྲེང་ཞུ་བས་གོང་ཞུས་གསར་འགྱུར་བརྒྱུད་ལམ་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན་དེང་སྐབས་ཁོང་གི་ཁང་པའི་ཉེ་འཁོར་དུ་རྒྱ་ནག་གི་ཉེན་རྟོག་པས་སྲུང་བྱ་བྱས་ནས་བསྡད་ཡོད་པ་དང་ཁོང་རང་ག་པར་བསྐྱོད་ཀྱང་དེའི་རྗེས་སུ་རྒྱ་ནག་གི་ཉེན་རྟོག་པས་རྗེས་དེད་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་འདུག ཅཱང་ཕྱི་ལོ་༡༩༩༩ལོའི་ནང་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་ཕྲུག་གི་མང་གཙོའི་ལས་འགུལ་སྤེལ་ནས་ལོ་ངོ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་ལས་འགུལ་སྣེ་ཁྲིད་བྱེད་པར་ཉེས་བཙུགས་ཀྱིས་ལོ་ངོ་བཞིའི་རིང་བཙོན་འཇུག་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎