དྲིལ་བསྒྲགས་དྲུང་ཆེ་རྒྱ་གར་ནུབ་ཕྱོགས་ཁུལ་དུ་ཕེབས་པ།


2014.08.13
དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བཀྲ་ཤིས་ལྗོངས་ལ་གཏམ་བཤད་གནང་བཞིན་པ། ༢༠༡༤།༨ དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བཀྲ་ཤིས་ལྗོངས་ལ་གཏམ་བཤད་གནང་བཞིན་པ། ༢༠༡༤།༨
བོད་མིའི་སྒྲིག་འཛུགས

དབུ་མའི་ལམ་གྱི་སྲིད་བྱུས་ནི་ཧ་ཅང་བརྟན་པོ་དང་ལམ་བཟང་པོ་ཞིག་ཡིན་པ་དྲིལ་བསྒྲགས་དྲུང་ཆེ་ཡིས་ངོ་སྤྲོད་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། འདི་ཟླའི་ཚེས་༤ནས་༨བར་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་རྡ་སའི་ཉེ་འཁོར་བཀྲ་ཤིས་ལྗོངས་དང་། སྦིར་ཅོན་ཏ་ར་བོད་མིའི་གཞིས་ཆགས་ཁུལ་གྱི་དགོན་པ་དང་མང་ཚོགས། སློབ་གྲྭ་བཅས་ལ་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག་དབུ་མའི་ལམ་གྱི་གོ་རྟོགས་རྒྱ་ཆེ་སྤེལ་གནང་འདུག དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གཏམ་བཤད་ནང་། ༧རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུ་སླད་མང་ཚོགས་ལ་སྐུའི་རླབས་ཆེན་གྱི་མཛད་ཁུར་གསུམ་ཡོད་པ་དེ་དག་རིམ་བཞིན་ངོ་སྤྲོད་གནང་འདུག་ཅིང་། དེ་ཡང་དང་པོ་མགོན་པོ་མཆོག་གིས་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་བའི་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་མཛད་དང་མཛད་མུས་དང་། དེས་ཕན་རླབས་བརྗོད་ལས་འདས་པ་བྱུང་ཡོད་པའི་སྐོར་དང་། མཛད་ཁུར་གཉིས་པ་འཛམ་གླིང་སྟེང་གི་ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་གནང་མཛད་པའི་མཛད་འཕྲིན་སྐོར་དང་། གསུམ་པ། མགོན་པོ་མཆོག་བོད་མི་ཞིག་ཡིན་པའི་ངོས་ནས་བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་མཛད་ཡོད་པ་བཅས་ཀྱི་མཛད་ཁུར་རྣམས་ངོ་སྤྲོད་གཏིང་ཟབ་གནང་འདུག དེ་དང་ཕྱོགས་མཚུངས་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་སྤྲོད་དང་། དེའི་ངོ་བོ་དང་བྱུང་རིམ། རྒྱབ་ལྗོངས། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་མིའི་མངོན་འདོད་གང་དང་གང་སྒྲུབ་ཐུབ་པ། དབུ་མའི་ལམ་གྱི་སྲིད་བྱུས་ནི། ཧ་ཅང་བརྟན་པོ་ཞིག་དང་ལམ་བཟང་པོ་ཞིག་ཡིན་པ་སོགས་ངོ་སྤྲོད་ཁ་གསལ་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎