བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་ཨ་རི་དང་ཁེ་ན་ཊར་གཟིཊ་སྐོར།


2015.02.12
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་San Francisco ༢༠༡༥།༢ བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་San Francisco ༢༠༡༥།༢།༨
tibet.net

ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཨ་མི་རི་ཀ་དང་། ཁེ་ན་ཊའི་ཁུལ་ལ་གཟིགས་སྐོར་ལེགས་པར་འགྲུབ་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཨ་རིའི་ནུབ་ཕྱོགས་མཚོ་འགྲམ་གྱི་ས་ཁུལ་སེན་ཕེ་རེན་སིས་ཀོ་དང་། པོཌ་ལེནཌ། སི་ཡ་ཊེལ་བཅས་དང་། ཁེ་ཎ་ཌའི་གྲོང་ཁྱེར་ཝེན་ཁུ་ཝར་ནང་ཟླ་བ་འདིའི་ཕྱི་ཚེས་༥ནས་༡༠བར་ས་གནས་བོད་མི་ཚོར་ཐུག་འཕྲད་གནང་ཡོད་པ་དང་། གོང་གསལ་ས་གནས་ཁག་གི་བོད་རིགས་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་བོད་མི་མི་རེ་ངོ་རེ་ནས་གཏིང་ཟབ་པོ་ཤེས་རྟོགས་དགོས་པའི་གནད་འགག་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས། རྒྱ་མི་རིགས་དང་འབྲེལ་བ་གཉེར་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་འདུག་པ་མ་ཟད། གཟའ་མཇུག་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་གི་ཕ་མའི་ངོས་ནས་བོད་རིགས་གཞོན་སྐྱེས་ཚོར་བོད་ཡིག་སློབ་རྒྱུའི་ལས་རིམ་ལ་བསྔགས་བརྗོད་དང་། གཞོན་སྐྱེས་ཚོའི་ངོས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་ཉར་ཚགས་ཐད་དམིགས་བསལ་དོ་སྣང་དགོས་པ། བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུའི་ལས་གཞི་འགོ་བཙུགས་པ་ནས་བཟུང་ད་བར་བོད་རིགས་གཞོན་སྐྱེས་ ༤༠ ལྷག་གིས་ལས་གཞིའི་ནང་དངོས་སུ་འཛུལ་ཞུགས་གནང་བར་བསྔགས་བརྗོད་དང་སྦྲགས། ད་དུང་བོད་རིགས་གཞོན་སྐྱེས་གང་མང་ལས་གཞི་འདིའི་ནང་འཛུལ་ཞུགས་ཡོང་བའི་རེ་སྐུལ་
གནང་བ་དང༌། གཞན་ཡང་བོད་མི་རྣམས་ནས་དང་བླངས་དཔྱ་དངུལ་འབུལ་དགོས་པའི་གལ་གནད་སྐོར་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་བྱེད་ཕྱོགས། དེ་བཞིན་དོལ་རྒྱལ་དང་འབྲེལ་བའི་གནས་ཚུལ་སོགས་ཀྱི་ཐོག་ལ་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎