དོན་གྲུབ་དབང་ཆེན་ལགས་སུ་ཆེ་བསྟོད་འདུ་འཛོམས་གནང་འདུག


2019.03.18
སུད་སིར་དོན་གྲུབ་དབང་ཆེན་ལགས་སུ་ཆེ་བསྟོད་འདུ་འཛོམས་གནང་སྐབས། ༢༠༡༩།༣།༡༧ སུད་སིར་དོན་གྲུབ་དབང་ཆེན་ལགས་སུ་ཆེ་བསྟོད་འདུ་འཛོམས་གནང་སྐབས། ༢༠༡༩།༣།༡༧
GJ/FB

བོད་ཀྱི་ཆོས་དང་རིག་གཞུང་དར་འཕེལ་དང་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོ་ཚང་མས་འོས་འགན་ཡིན་ཞེས་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་གཞེན་སྐུལ་གནང་འདུག
དེ་ཡང་ཟླ་༣་པའི་ཚེས་༡༧་ཉིན། སུད་སི་དང་ལེག་ཊིན་སི་ཊིན་དུ་འཚོ་སྡོད་བོད་མི་ཚོས་བོད་མིའི་འདོད་བློ་མཚོན་པའི་དངོས་བྱུང་གློག་བརྙན་འཇིགས་བྲལ་བཟོ་སྐྲུན་གནང་མཁན་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་སུ་ཆེ་བསྟོད་འདུ་འཛོམས་གནང་ཡོད་པ་དང་། འདུ་འཛོམས་སྐབས་དོན་གྲུབ་དབང་ཆེན་ལགས་ཀྱིས་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་དེ་བཟོ་སྐྲུན་སྔ་རྗེས་ཀྱི་ལོ་རྒྱུས་ངོ་སྤྲོད་དང་སྦྲགས། གཞིས་བཞུགས་བོད་མི་ཚོས་རང་སྲོག་བློས་བཏང་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་ཁྱད་ཆོས་སྲུང་སྐྱོབ་བྱེད་ཐབས་གནང་མུས་སུ་ཡོད་པས། བོད་ཀྱི་ཆོས་དང་རིག་གཞུང་དར་འཕེལ་དང་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོ་ཚང་མས་འོས་འགན་ཡིན་ཞེས་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་གཞེན་སྐུལ་གནང་འདུག
བོད་མི་བརྒྱ་ལྷག་གིས་བསམ་ཚུལ་བསྡུས་པའི་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་དེ་དོན་གྲུབ་དབང་ཆེན་དང་མགོ་ལོག་འཇིགས་མེད་ལགས་རྣམ་གཉིས་ཀྱིས ༢༠༠༨ ལོར་བཟོས་པ་རེད། གློག་བརྙན་དེ་བཟོས་པའི་རྐྱེན་གྱིས་ཁོང་གཉིས་ཀ་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་རེད།
འདུ་འཛོམས་སྐབས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་དོན་གྲུབ་དབང་ཆེན་ལགས་དང་མཇལ་ཐུབ་པ་བསམ་བློ་རུ་འཁོར་མེད། ཡིན་ན་ཡང་ཁོང་གཉིས་རང་དབང་ཡུལ་དུ་མཇལ་བ་ནི་རྨི་ལམ་རྨིས་པ་ལྟ་བུ་བྱུང་ཞེས་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎