རྒྱ་ནག་གི་སྒྱུ་རྩལ་བ་ཨེ་ལྦེ་ལྦེ་ལ་བློ་འཚབ།

ཇར་མི་ནིར་ཡོད་པའི་སྦར་ལིན་སྒྱུ་རྩལ་ཆེས་མཐོའི་སློབ་གཉེར་ཁང་གིས་རྒྱ་རིགས་ཨེ་ལྦེ་ལྦེ་ལ་སློབ་འཁྲིད་གནང་རྒྱུའི་མགྲོན་བརྡ་ཕུལ་འདུག

2011.04.21

༄༅༎རྒྱ་ནག་གཞུང་གིས་རྒྱ་རིགས་སྒྱུ་རྩལ་མི་སྣ་ཨེ་ལྦེ་ལྦེ་དོ་དམ་བཀག་ཉར་འོག་བཅུག་པའི་གནད་དོན་ཐད་རྒྱལ་སྤྱིའི་ཐོག་བློ་འཚབ་ཀྱི་གླེང་སློང་ཆེན་པོ་བྱུང་བཞིན་པའི་སྐབས་ ཇར་མི་ནི་རྒྱལ་ས་སྦར་ལིན་དུ་རྟེན་གཞི་བྱས་པའི་སྦར་ལིན་སྒྱུ་རྩལ་ཆེས་མཐོའི་སློབ་གཉེར་ཁང་གིས་ རྒྱ་རིགས་ཨེ་ལྦེ་ལྦེ་སློབ་གཉེར་ཁང་དེའི་ནང་སློབ་འཁྲིད་གནང་རྒྱུའི་མགྲོན་བརྡ་ཕུལ་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག་༎

འཇར་མ་ནི་གི་སྦར་ལིན་སྒྱུ་སྕལ་སློབ་གཉེར་ཁང་གིས་ཨེ་ལྦེ་ལྦེ་ལ་སྒྱུ་རྩལ་སློབ་གཉེར་ཁང་དེའི་ནང་སློབ་འཁྲིད་གནང་རྒྱུའི་སྒྲོ་བཏགས་ནང་གསལ་གཞིགས་ན་ རྒྱ་རིགས་ཨེ་ལྦེ་ལྦེ་ནི་དེང་རབས་ཅན་གྱི་ཕུལ་བྱུང་གི་སྒྱུ་རྩལ་མི་སྣ་ཞིག་ཡིན་སྐོར་དང་ སྒྱུ་རྩལ་གྱི་ཆེས་མཐོའི་སློབ་གཉེར་ཁང་ཐོག་ནས་ རྒྱལ་སྤྱིའི་སྟེང་སྒྱུ་རྩལ་གྱི་རང་དབང་ལ་བརྩི་བཀུར་ཞུས་པ་བཞིན་སྒྱུ་རྩལ་མི་སྣའི་རང་དབང་ལ་དེ་བས་ངོས་འཛིན་དང་རྒྱབ་སྐྱོར་ཤུགས་ཆེ་ཞུ་ཡི་ཡོད་ཅེས་གསལ་འདོན་བྱས་འདུག རྒྱ་རིགས་ཨེ་ལྦེ་ལྦེ་ཞུ་བ་ཁོང་དེ་སྔ་༢༠༠༨ལོར་པེ་ཅིང་ཨོ་ལོམ་པིག་རྩེད་འགྲན་ཆེན་མོའི་ཚོགས་ར་བྱིའུ་ཚང་བཟོ་དབྱིབས་བཀོད་པའི་མཚན་སྙན་ཐོབ་ཀྱང་རྗེས་སུ་ཁོང་གིས་རྒྱ་ནག་ནང་སྨྲ་བརྗོད་ཀྱི་རང་དབང་རྩོད་ལེན་བྱས་པའི་རྐྱེན་གཞུང་ཕྱོགས་ཀྱི་ལྟ་སྲུང་འོག་ཚུད་ཡོད་པ་རེད་ ཉེ་སྔོན་ཚེས་༣ཉིན་ཁོང་རྒྱལ་ས་པེ་ཅིང་གི་གནམ་ཐང་ནས་ཧོང་ཀོང་ཕྱོགས་སུ་གནས་གྲུ་འཕུར་བསྐྱོད་སྐབས་གློ་བུར་གནམ་ཐང་ནས་འཛིན་བཟུང་བྱས་ཏེ་ད་བར་དོ་དམ་བཀག་ཉར་འོག་ལུས་མུས་ཡིན་པ་རེད་ རྒྱ་ནག་གཞུང་གིས་ཨེ་ལྦེ་ལྦེ་དོ་དམ་བཀག་ཉར་བྱ་རྒྱུ་དེ་བཞིན་ཉེ་དུས་ཨབ་རི་ཀ་དང་དཀྱིལ་ཤར་ཡུལ་གྲུ་ཁུལ་དུ་མང་ཚོགས་ཀྱི་རང་དབང་འཐབ་རྩོད་བྱེད་པའི་གྱེན་ལངས་རྐྱེན་པས་རྒྱ་ནག་ནང་དུ་ཡང་དྲ་རྒྱུའི་སྐུལ་སློང་འོག་དེ་ལྟ་བུའི་མང་ཚཽགས་ཀྱི་ལས་འགུལ་ཐོན་རྒྱུའི་ཉེན་ཚབས་ལ་བརྟེན་ མི་མང་གི་འདུ་འཛོམས་འགོག་ཐབས་སླད་གཞུང་ཕྱོགས་དང་ལྟ་བ་མི་མཐུན་པའི་མི་སྣ་འཛིན་བཟུང་དང་དོ་དམ་བཀག་ཉར་བྱེད་པའི་ཆ་ཤས་སུ་གྱུར་ཡོད་པ་རེད་ རྒྱ་རིགས་སྒྱུ་རྩལ་བ་ཨེ་ལྦེ་ལྦེ་འཛིན་བཟུང་བྱས་པ་ནས་བཟུང་རྒྱལ་སྤྱིའི་ཐོག་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་ཨེ་ལྦེ་ལྦེ་ཕྲལ་དུ་གློད་བཀྲོལ་དགོས་པའི་དགོས་འདུན་བསྟུད་མར་བྱེད་བཞིན་ཡོད་པ་རེད་ ཡིན་ཡང་རྒྱ་ནག་གཞུང་གིས་ཨེ་ལྦེ་ལྦེ་དོ་དམ་བཀག་ཉར་བྱས་པ་དེ་དཔལ་འབྱོར་གྱི་ནག་ཉེས་དང་འབྲེལ་བ་ཡོད་པ་ལས་ སྨྲ་བརྗོད་ཀྱི་རང་དབང་དང་གཞན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་དང་འབྲེལ་བ་གང་ཡང་མེད་པའི་སྐོར་ལན་འདེབས་བྱས་ཏེ་རྒྱལ་སྤྱིའི་བློ་འཚབ་སྣང་མེད་དུ་གཏོང་བཞིན་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎