བོད་རྒྱའི་འབྲེལ་མོལ་ལ་དོན་འབྲས་སོན་པའི་སྐུལ་མ།

ཌེན་མཀ་དང་ཁེ་ན་ཌ་གཞུང་གིས་བོད་རྒྱའི་འབྲེལ་མོལ་དེ་བཞིན་འཛུགས་བསྐྲུན་རང་བཞིན་ལྡན་པ་དང་དོན་འབྲས་སོན་པ་ཡོང་རྒྱུའི་སྐུལ་མ།

2010.01.27

༄༅།།ཌེན་མཀ་དང་ཁེ་ན་ཌ་གཞུང་གིས་བོད་རྒྱའི་འབྲེལ་མོལ་ཐེངས་དགུ་པ་དེ་བཞིན་འཛུགས་བསྐྲུན་རང་བཞིན་ལྡན་པ་དང་དོན་འབྲས་སོན་པའི་འབྲེལ་མོལ་ཡོང་རྒྱུའི་སྐུལ་མ་གནང་འདུག

དེ་ཡང་ཁ་ས་ཨ་རི་དང་དབྱིན་གཞུང་གིས་རྒྱ་བོད་འབྲེལ་མོལ་སླར་གསོ་བྱུང་བར་དགའ་བསུ་དང་འབྲེལ་མོལ་དོན་དང་ལྡན་པ་ཞིག་ཡོང་རྒྱུར་ཐུགས་རེ་གནང་བཞིན་པའི་གསལ་བསྒྲགས་གནང་བའི་རྗེས་ད་རེས་ཌེན་མཀ་་དང་ཁེ་ན་ཌ་གཞུང་གིས་ཀྱང་གཅིག་མཚུངས་ཀྱི་འདོད་ཚུལ་བཏོན་གནང་ཡོད་ཅིང་ཌེན་མཀ་ཀྱི་ཕྱི་སྲིད་བློན་ཆེན་པེར་སི་ཀྲིག་མོ་ལར་ནས་གསུངས་ན་ འདས་པའི་ཟླ་བ་བཅོ་ལྔ་ཙམ་རིང་༸གོང་ས་༸ཏ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གི་འབྲེལ་ལམ་བར་མཚམས་ཆད་པའི་རྗེས་ད་རེས་འབྲེལ་མོལ་སླར་གསོ་བྱུང་བར་དགའ་བསུ་དང་ ཕྱོགས་གཉིས་བར་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་ཞིག་གནང་ཐབས་ཀྱིས་འབྲེལ་མོལ་ལ་དོན་འབྲས་སོན་པ་ཞིག་ཡོང་རྒྱུར་འབད་བརྩོན་གནང་རྒྱུའི་སྐུལ་མ་ཞུ་རྒྱུ་དང་འབྲེལ་ ཕྱོགས་གཉིས་དབར་གྲོས་མོལ་བརྒྱུད་ནས་བོད་ཀྱི་ཆོས་དང་རིག་གཞུང་་ འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཀྱི་རྣམ་པ་ཞིག་བསྐྲུན་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་བཞག་ལ་ བོད་ཀྱི་དཀའ་རྙོག་དེ་བཞིན་གྲོས་མོལ་གྱི་ཐབས་ལམ་ཐོག་ནས་མ་གཏོགས་སེལ་ཐབས་མེད་པའི་སྐོར་ཡང་གསལ་བསྟོན་གནང་འདུག ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལོའོ་རེན་སི་ཁེ་ནེན་ཡིས་ཁེ་ན་ཌ་གཞུང་གིས་སྔ་རྗེས་འགལ་མེད་ཀྱི་སྒོ་ནས་༸གོང་ས་༸ཏ་ལའི་བླ་མའི་སྐུ་ཚབ་དང་རྒྱ་ནག་དབར་དངོས་ཡོད་ཀྱི་གྲོས་མོལ་གནང་ཐུབ་རྒྱུར་རྒྱབ་སྐྱོར་གྱི་རྣམ་འགྱུར་འཛིན་གྱི་ཡོད་ཅིང་ ངས་འདིར་ཕྱོགས་གཉིས་ཀས་ད་རེས་སླར་གསོ་བྱུང་བའི་འབྲེལ་མོལ་གྱི་གོ་སྐབས་དེ་བརྒྱུད་ནས་བོད་རྒྱའི་དཀའ་གནད་སེལ་རྒྱུར་དོན་སྙིང་ལྡན་པའི་གྲོས་མོལ་གནང་རྒྱུའི་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎