སྐམ་ས་ཆེན་པོའི་རྒྱ་རིགས་ལ་དམིགས་ནས་ལས་འགུལ།

ཕྱི་ཚེས་ ༢༦ ནས་འགོ་འཛུགས་ཏེ་ཐེ་ཝན་བོད་རིགས་ཚོགས་པས་ཐེ་ཝན་ནང་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་འགོ་འཛུགས་དང་འབྲེལ། རྒྱ་རིགས་མི་མང་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གསལ་འདོན་གནང་ཡོད་པ་རེད།

2013.01.31

༄༅།    །དེ་ཡང་ཐེ་ཝན་བོད་རིགས་ཚོགས་པའི་ཚོགས་འདུ་རིམ་པའི་དགོངས་འཆར་ལྟར། བོད་ནང་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འཛིན་ནས་བོད་མི་རྣམས་ཛ་དྲག་གི་གནས་སྟངས་འོག་དཀའ་སྡུག་ཇེ་ཆེར་མྱོང་བཞིན་ཡོད་པ་རེད།    འོན་ཀྱང་རྒྱ་གཞུང་གིས་ཕྱི་ཕྱོགས་ལ་དངོས་དོན་དང་ཡོངས་སུ་འགལ་བའི་རྫུན་གཏམ་རྒྱ་ཆེར་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་དང་། ཐེ་ཝན་ནང་ཉིན་རེར་རྒྱ་ནག་སྐམ་སའི་ཡུལ་མི་སྤྲོ་འཆམ་དུ་ཡོང་མཁན་མི་གྲངས་སུམ་སྟོང་ལྷག་ཡོད་ཀྱང་། ཐེ་ཝན་གྱི་གསར་འགྱུར་སྡེ་ཚན་ནང་རྒྱ་གཞུང་གིས་དཔལ་འབྱོར་སོགས་དངོས་ཤུགས་བརྒྱུད་གསུམ་ནས་སིམ་འཛུལ་བྱས་ཏེ།    བོད་དོན་གསར་འགྱུར་བཀོད་ཐོན་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་སྟབས། བོད་མི་རང་ངོས་ནས་ཐབས་ལམ་འདྲ་མིན་བརྒྱུད་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་རྒྱུ་གལ་ཆེ་ཡིན་པ་དང་།    ལྷག་དོན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༣ འདི་བོད་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལོར་སྲུང་བརྩི་ཞུ་ཆེད་ཕྱོགས་ཡོངས་ནས་མཉམ་ཞུགས་གནང་དགོས་པའི་ལམ་སྟོན་ཕེབས་དོན་ལྟར།  ཟླ་བ་འདིའི་ཚེས་༢༦ནས་འགོ་འཛུགས་ཀྱིས།    ལས་རིམ་དང་པོ་དེ་བོད་མིས་རང་ལུས་མེར་སྲེག་སྐོར་ལ་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
གོ་སྒྲིག་ཚོགས་ཆུང་གི་ངོས་ནས་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་ཆེད་སྣུམ་འཁོར་ཆུང་བ་ཞིག་ཉོ་སྒྲུབ་དང་། སྣུམ་འཁོར་གྱི་ཕྱི་ངོས་སུ་བོད་དོན་ངོ་སྤྲོད་ཀྱི་ཁྱབ་བསྒྲགས་འདྲ་མིན་ཐོག རྒྱང་བསྒྲགས་ནང་ནས་བོད་དོན་ངོ་སྤྲོད་གནང་ཡོད་པ་རེད།
ཐེ་ཝན་དེ་བཞིན་རྒྱ་ནག་གི་ཡུལ་སྐོར་བྱ་ཡུལ་གཙོ་བོའི་ས་ཚིགས་དང་། མི་ཚོགས་མང་བའི་གཞུང་ལམ་ཐོག་སྣུམ་འཁོར་སྐོར་བསྐྱོད་བྱས་པར་དོ་སྣང་བྱེད་མཁན་གང་ཙམ་བྱུང་ཡོད། ལོ་འདིའི་ནང་ཐེ་ཝན་དུ་རྣམ་པ་འདྲ་མིན་གྱི་ཐོག་ནས་མུ་མཐུད་ལས་འགུལ་གང་མང་སྤེལ་རྒྱུ་ཡིན་སྐོར་སོགས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎