བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་སྙན་ཐོ།
2010.12.03
༄༅༎བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་དེབ་གཟུགས་སུ་པར་སྐྲུན་གནང་ཟིན་པའི་སྐོར་དེ་རིང་རེས་གཟའ་པ་སངས་ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག
དེ་ཡང་དྲ་རྒྱ་དེའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། བཙན་བྱོལ་བོད་གཞུང་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལའི་བོད་གཞུང་འཆར་འགོད་ལས་ཁུངས་ནས་པར་སྐྲུན་གནང་བ་ཞིག་དང༌། དེའི་དམིགས་ཡུལ་ནི། བཙན་བྱོལ་བོད་མི་སྤྱིའི་གནས་སྟངས་ཤེས་རྟོགས་ཡོང་སླད་དང། ལྷག་པར་དུ་རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་རྒྱལ་ཁབ་གསུམ་ནང་བཙན་བྱོལ་དུ་གནས་པའི་བོད་མིའི་གཞིས་ཆགས་ཁག་ཡར་རྒྱས་རྒྱུན་གནས་ཡོང་ཐབས་དང། ཁོང་ཚོའི་དཔལ་འབྱོར། ཤེས་ཡོན། འཕྲོད་བསྟེན་གྱི་གནས་སྟངས་ཞིབ་ཕྲ་མཁྱེན་རྟོགས་ཡོང་སླད། བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཐེངས་གཉིས་པ་བྱས་པ་ལྟར་དེབ་གཟུགས་སུ་པར་སྐྲུན་ཡང་གནང་ཟིན་ཡོད་པས། གལ་ཏེ་མངའ་ཉོ་བྱེད་འདོད་རིགས་ཀྱིས་བཙན་བྱོལ་བོད་གཞུང་འཆར་འགོད་ལས་ཁང་ལ་འབྲེལ་བ་གནང་དགོས་ཀྱི་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།