འབར་མའི་ནང་དམངས་གཙོའི་ལས་འགུལ་མཇུག་སྐྱོང་དགོས་པ།
2010.12.29
༄༅༎འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་མཆོག་གིས་ཁ་ས་ལོ་ན་༣༥བར་ལ་སོན་པའི་འབར་མའི་གཞོན་ནུ་ཕོ་མོ་༢༠༠བརྒལ་བར་དམངས་གཙོ་ཚོགས་པའི་ལས་ཁུངས་ནང་མི་རབས་གསར་པ་རྣམས་ཀྱིས་འབར་མའི་ནང་མུ་མཐུད་རྒྱུན་སྲིང་སྟེ་དམངས་གཙོའི་ལས་འགུལ་མཇུག་སྐྱོང་གནང་རྒྱུ་གནད་འགག་ཆེན་པོ་ཡིན་པའི་ཐད་བཀའ་སློབ་གནང་ཡོད་པ་རེད་ ཁོང་གིས་བཀའ་སློབ་ཀྱི་སྙིང་དོན་དུ་
འདས་པའི་ལོ་རབས་བཅུ་ཕྲག་གཉིས་ལྷག་རིང་འབར་མའི་དྲག་པོའི་གཞུང་གིས་བཙོན་འཇུག་བྱས་པ་སོགས་ཀྱི་གནས་སྟངས་འདྲ་མིན་འོག འཚར་ལོངས་བྱས་པའི་མི་རབས་གསར་པ་རྣམས་ལ་འབར་མའི་རྒྱལ་ཁབ་ཀྱི་མ་འོངས་པའི་སྲུང་སྐྱོབ་བྱེད་རྒྱུའི་ལས་འགན་ཡོགརེད་ཅེས་ མཛུབ་སྟོན་གནང་ཡོད་པ་རེད་ ངས་དེ་རིང་ཁྱེད་རང་ཚོར་ལམ་སྟོན་ཞུ་རྒྱུ་དང་སྦྲགས་ཁྱེད་རང་ཚོའི་སེམས་ནང་ཚོར་བ་ག་འདྲ་ཞིག་སྐྱེས་བཞིན་པ་ཡིན་པ་ང་ཚོས་ཤེས་འདོད་ཆེན་པོ་འདུག་ཅེས་ཀྱང་ལྕམ་ཨང་སན་སུ་ཅི་མཆོག་གིས་དེར་འདུས་པའི་གཞོན་ནུ་རྣམས་ལ་གསུངས་འདུག ཡིན་ནའང་ལོ་ན་༢༣ཡིན་པའི་གཞོན་ནུ་ཀྲོན་ཛོ་ཧེན་ཟེར་བ་དེ་ཡིས་འབར་མའི་མི་མང་ཚང་མས་མི་གཅིག་ཁོ་ནར་རེ་བ་བཅོལ་ནས་སྡོད་ཀྱི་ཡོག་རེད་ ང་ཚོའི་འགོ་ཁྲིད་མུ་མཐུད་གནང་རོགས་གནང་ཞེས་ང་ཚོས་ཨུ་ཚུགས་རྒྱབ་ཀྱི་ཡོད་ཀྱང་ཁོང་གཅིག་པུས་ཞེ་དྲག་ཐུགས་འགན་ཆེན་པོ་བཞེས་ཐུབ་ཀྱི་མ་རེད་ཅེས་ཀྱང་སོ་སོའི་བསམ་ཚུལ་གསར་འགོད་པར་བཤད་ཡོད་པ་རེད་