རྒྱ་གར་ཁྲིམས་ཁང་མདུན་འབར་རྫས་གས་གཏོར་གྱི་དོན་རྐྱེན།

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁྲིམས་ཁང་ཆེན་པོའི་རྒྱལ་སྒོའི་འགྲམ་འབར་རྫས་འབར་གས་ཀྱི་དོན་རྐྱེན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

2011.09.07

༄༅༎དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁྲིམས་ཁང་ཆེན་པོའི་རྒྱལ་སྒོའི་འགྲམ་འབར་རྫས་འབར་གས་ཀྱི་དོན་རྐྱེན་བྱུང་བའི་ནང་ཉུང་མཐར་ཡང་མི་གྲངས་བཅུའི་ཚེ་སྲོག་ཤོར་ཡོད་པ་དང་ མི་གྲངས་ལྔ་བཅུ་ལྷག་ལ་ཚབས་ཆེའི་རྨས་སྐྱོན་ཕོག་ཡོད་འདུག

རྒྱ་གར་གྱི་ནང་སྲིད་བློན་ཆེན་མཆོག་གིས་འབར་རྫས་འབར་གས་ཀྱི་དོན་རྐྱེན་འདིའི་རྒྱབ་བྱེད་གཏེ་ནག་ཅན་པ་སུ་ཡོད་རྩད་གཅོད་ཆེད་ རྒྱལ་ཡོངས་ཞིབ་འཇུག་ཚན་པར་ཞིབ་འཇུག་དགོས་པ་བཀའ་གནང་ཡོད་པ་དང་ སྲིད་བློན་མན་མོ་ཧན་སིང་མཆོག་ ཁྱིམ་མཚེས་ཡུལ་གྲུ་སྦང་ལ་རྡེ་ཤེཡི་ནང་རྒྱལ་དོན་གཟིགས་བསྐོར་གནང་བཞིན་པ་ལྟར་ སྲིད་བློན་མཆོག་མཆོག་གིས་དྲག་རྒོལ་གྱི་དོན་རྐྱེན་འདི་ནི་མི་ཀླད་སྡར་གྱི་སྤྱོད་ཚུལ་ཞིག་ཡིན་པ་གསུངས་ཡོད་པ་རེད་

ཉེན་རྟོག་སྐོར་འཆག་པས་གསུངས་པར་གཞིགས་ན་ འབར་རྫས་བླུག་པའི་སྒམ་ཆུང་མངོན་གསལ་མེད་པ་ཞིག་ཁྲིམས་ཁང་གི་རྒྱལ་སྒོ་བཞི་པ་དང་ལྔ་པའི་བར་བཞག་ཏེ་འབར་གས་བྱུང་ཡོད་པ་དང་ ད་རེས་ཁྲིམས་ཁང་ལ་འབར་རྫས་ཀྱི་གཏོར་རྒོལ་བརྩམས་པ་འདི་འདས་པའི་ཟླ་བ་བཞིའི་དུས་ཡུན་ལ་དྲག་སྤྱོད་པས་འབར་རྫས་ཀྱི་དྲག་རྒོལ་བྱས་པ་ཐེངས་གཉིས་པ་འདི་ཡིན་པ་གསུངས་ཀྱི་ཡོད་པ་དང་ དེའི་གོང་ཕྱི་ཟླ་༥་པའི་ཚེས་༢༥་ཉིན་ཁྲིམས་ཁང་ལ་འབར་རྫས་ཀྱི་འབར་གས་གཏོང་ཐབས་བྱས་པའི་དོན་རྐྱེན་ཞིག་བྱུང་ཡོད་ནའང་ སྐབས་འདིའི་དོན་རྐྱེན་ནང་མང་ཚོགས་ལ་གནོད་འཚེ་གང་ཡང་བྱུང་མེད་པ་གསུངས་ཀྱི་ཡོད་པ་རེད་

འབར་གས་ཀྱི་དོན་རྐྱེན་འདིའི་རྗེས་ཧར་ཀ་ཏུལ་ཇི་ཧའརྡ་ཨལ་ཨིསི་ལ་མི་ཞེས་ཁ་ཆེའི་དྲག་སྤྱོད་པའི་མིང་ཐོག་རྒྱ་གར་གྱི་བརྒྱུད་ལམ་ཁག་ལ་ཨི་མེལ་(e-mail)གྱི་བརྡ་འཕྲིན་ཞིག་ནང་དྲག་ལས་འདི་གོང་བརྗོད་ཚོགས་པས་སྤེལ་བ་ཡིན་པ་དང་ རྒྱ་གར་གཞུང་གིས་དེ་སྔ་༢༠༠༤་ ལོར་རྒྱ་གར་གྱི་གྲོས་ཚོགས་ལ་དྲག་རྒོལ་བརྩམས་ཏེ་སྲོག་ཁྲིམས་ཕོག་པའི་ ཀ་ཤེ་མིར་གྱི་དྲག་སྤྱོད་པ་བཙོན་དུ་ཡོད་པ་མོ་ཧ་མརྡ་ཨཕ་ཛལ་གུ་རུ་ལ་སྲོག་ཁྲིམས་ཀྱི་ཉེས་པ་ཕྱིར་བསྡུ་དགོས་པ་དང་ དེ་ལྟར་མ་བྱུང་བ་ཡིན་ན་མུ་མཐུད་རྒྱ་གར་གཞུང་གི་ཆེས་མཐོའི་ཁྲིམས་ཁང་ལའང་ དྲག་རྒོལ་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད་ རྒྱ་གར་གཞུང་གིས་དྲག་སྤྱོད་ཚོགས་པ་འདིའི་འཕྲིན་ཡིག་ལ་ཞིབ་འཇུག་བྱ་བཞིན་ཡོད་སྐོར་གསུངས་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎