རྒྱ་ནག་ལྷོ་ནུབ་ཏུ་དྲ་རྒྱའི་ཚོང་ཁང་དུ་འབར་གས་འོག་མི་༧ཤི་བ།

རྒྱ་ནག་གི་ལྷོ་ནུབ་ཞིང་ཆེན་ནང་དྲ་རྒྱའི་ཚོང་ཁང་ཞིག་གི་ཉེ་ཁྲིད་དུ་འབར་གས་བྱུང་ནས་མི་བདུན་རྐྱེན་ལམ་དུ་ཕྱིན་པ་དང་མི་༣༧རྨས་སྐྱོན་ཕོག

2010.12.05

༄༅༎རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ལྷོ་ནུབ་ཞིང་ཆེན་ནང་དྲ་རྒྱའི་ཚོང་ཁང་ཞིག་གི་ཉེ་ཁྲིད་དུ་འབར་གས་བྱུང་བ་དང༌། དྲ་རྒྱའི་ཚོང་ལས་ཁང་དེར་ཚབས་ཆེའི་གནོད་སྐྱོན་བྱུང་སྟེ། གཟའ་ཉི་མ་བར་མི་བདུན་རྐྱེན་ལམ་དུ་ཕྱིན་པ་དང་མི་༣༧རྨས་སྐྱོན་ཕོག་ཡོད་པའི་སྐོར་དེ་རིང་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

དེ་ཡང་རྒྱ་ནག་གི་ལྷོ་ནུབ་ཀུའེ་ཀྲུའུ་ཞིང་ཆེན་གྱི་ཀའེ་ལི་གྲོང་ཁྱེར་ནང་གི་དྲ་རྒྱའི་ཚོང་ལས་ཁང་གི་ཉེ་ཁྲིད་དུ་ཁྲིམས་འགལ་གྱི་རྫས་འགྱུར་དོ་ཁང་ཞིག་འབར་གས་བྱུང་སྟེ། སྐབས་དེར་ཁྲིད་ཀྱི་དྲ་རྒྱའི་ཚོང་ཁང་དེའི་ནང་མི་༤༥ཙམ་ཡོད་པའི་ཁོང་ནས་མི་དྲུག་རྐྱེན་ལམ་དུ་ཕྱིན་པ་དང་མི་༣༨རྨས་སྐྱོན་འཕོག་ཡོད་པའི་ནང་ནས་མི་དགུ་ཚབས་ཆེ་བ་བྱུང་ཡོད་པ་རེད། དེ་རིང་རེས་གཟའ་ཉི་མའི་ཕྱི་དྲོ་ཙམ་ལ་མེས་ཚེག་ཏེ་ཛ་དྲག་ཏུ་གྱུར་བའི་བེུད་གཅིག་ས་གནས་སྨན་ཁང་ནས་མྱུར་སྐྱོབ་མ་ཐུབ་པར་རྐྱེན་ལམ་ཕྱིན་ཡོད་པ་དང༌། སྐབས་དེར་དྲ་རྒྱའི་ཚོང་ཁང་དེའི་ནང་གི་མི་༤༥ཡོད་པ་ནས་མི་༤༤ནི་རྨས་སྐྱོན་ཕོག་པ་དང་ཡང་ན་རྐྱེན་ལམ་དུ་ཕྱིན་པའི་གནོད་འཚེ་ཚབས་ཆེ་བྱུང་བའི་གནས་སྟངས་དེ་ཡིས་འབར་གས་ཚབས་ཆེན་པོ་བྱུང་བར་ངོས་འཛིན་བྱེད་པ་དང༌། མི་༣༧མུ་མཐུད་ས་གནས་སྨན་ཁང་ཁག་ཏུ་སྨན་བཅོས་བྱེད་མུས་ཡིན་པའི་སྐོར་ས་གནས་ཉེན་རྟོག་པས་བཤད་པ་ཤིང་ཧྰ་གསར་ཤོག་གིས་ལུང་འདྲེན་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎