ཌེན་མག་ཕྱི་སྲིད་བློན་ཆེན་ནས་བོད་དོན་སྐོར་གསུངས་ཡོད་པ།
2012.06.16
༄༅༎ཌེན་མག་གི་ཕྱི་སྲིད་བློན་ཆེན་ལྦི་ལི་སོལྦན་ཌོལ་མཆོག་གིས་གཟའ་པ་སངས་ཉིན་རྒྱལ་ས་ཀོ་པེན་ཧ་གེན་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇལ་ཁྲེ་དང་མཇལ་འཕྲད་སྐབས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ཐུགས་འཚབ་ཡོད་ལུགས་གསུངས་ཡོད་འདུག
སྤྱིར་རྒྱ་ནག་གི་སྲིད་འཛིན་ཧུན་ཇན་ཐོ་དེང་སང་ཌེན་མག་ནང་གཟིགས་སྐོར་གནང་བཞིན་པའི་སྐབས་ཡིན་པ་དང༌། ཌེན་མག་ནང་ཡོད་པའི་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་མང་པོས། བོད་ལ་རང་དབང་དགོས་པའི་སྐད་འབོད་དང་སྦྲགས། རྒྱ་ནག་གི་སྲིད་འཛིན་ག་སོང་རྗེ་འདེད་ཀྱིས་ ངོ་རྒོལ་སྐད་འབོད་བྱེད་བཞིན་ཡོད་འདུག།