བོད་མིའི་སེམས་ཤུགས་ཆགས་ཀྱི་མ་རེད་གསུངས་འདུག

༧གོང་ས་མཆོག་ནས་རྒྱ་ནག་གཞུང་གི་འགོ་ཁྲིད་གསར་པ་ཚོས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་གཞིགས་པའི་བོད་མིའི་རྨ་ཁ་གསོ་ཐབས་ཀྱི་ཕུགས་བསམ་ལྡན་པའི་སྲིད་བྱུས་ལག་བསྟར་དགོས་སྐོར་བཀའ་གནང་འདུག

2012.09.28

༄༅།    །༧གོང་ས་མཆོག་ནས་རྒྱ་གཞུང་གིས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་གཞིགས་པའི་བོད་མིའི་རྨ་ཁ་གསོ་ཐབས་མ་བྱས་པར།    མུ་མཐུད་རྡུང་རྡེག་ཚ་ནན་གྱིས་དམ་དྲག་གི་སྲིད་བྱུས་འཛིན་པ་དང་།    སྒོ་དམ་ནས་བཞག་པ་ཡིན་ན།    དེ་ནི་རང་འཆི་རྒྱག་ཐབས་བྱས་པ་དང་འདྲ་མཚུངས་ཤིག་ཡོང་གི་རེད་ཅེས་བཞུགས་སྒར་དུ་ཁ་སང་དབྱིན་ཇིའི་སྦི་སྦི་སི་གསར་འགྱུར་ལས་ཁང་གིས་བོད་རྒྱའི་གནད་དོན་ཐོག་བཀའ་དྲིས་ཞུས་པའི་བཀའ་ལན་ནང་གསུངས་ཡོད་པ་རེད།
༧གོང་ས་མཆོག་ནས་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་སྐོར་ཡང་བཀའ་གནང་ཡོད་པ་རེད།    ཡང་སྦི་སྦི་སི་གསར་འགོད་པས་གལ་ཏེ་རྒྱ་ནག་གི་འགོ་ཁྲིད་གསར་པའི་ངོས་ནས་སྲིད་བྱུས་འགྱུར་བ་མ་བྱུང་ཚེ།    བོད་ནང་གི་གནས་སྟངས་ཇི་ཆགས་དང་། བོད་ནང་བོད་མིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་མང་དུ་འགྲོ་བ་སོགས་ཡོང་གི་ཡོད་པ་གཟིགས་ཀྱི་ཡོད་མེད་བཀའ་དྲིས་ཞུས་པའི་ བཀའ་ལན་དུ་༧སྤྱི་ནོར་༧གོང་ས་མཆོག་གིས་ བོད་ནང་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་ཇི་ཆགས་གསུང་མི་ཐུབ་ཀྱང་། བོད་མིའི་སེམས་ཤུགས་འདི་ནམ་ཡང་ཆགས་ཀྱི་མ་རེད་ཅེས་བཀའ་གནང་ཡོད་པ་རེད།
༧སྤྱི་ནོར་༧གོང་ས་མཆོག་གིས་བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་འདི་ཧ་ཅང་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ཡིན་པ་དང་། མི་མང་གིས་རང་ལུས་མེར་སྲེག་བཏང་དགོས་པ་འགྱུར་བ་འདི་བོད་ནང་གནས་སྟངས་ཇི་ཙམ་ཛ་དྲག་ཆེན་པོ་ཡོད་པའི་ནད་རྟགས་འདི་མཚོན་གྱི་ཡོད་པ་དང་། ནད་གཞི་དེར་བཅོས་ཐབས་ལ་ནད་ཀྱི་རྩ་བ་ག་པར་ཐུག་གི་ཡོད་མེད་ལ་རྟོགས་ཞིབ་ཀྱིས། བཅོས་ཐབས་བྱ་དགོས་ཞེས་དང་། དཀའ་ངལ་འདི་ནི་ང་ཚོ་བོད་མི་ཚོས་བཟོས་བཞག་པ་ཞིག་མིན་ལ་ གཞན་གྱིས་བཟོས་པ་ཞིག་རེད་ཅེས་རྒྱ་ནག་གཞུང་ལ་བོད་ནང་བོད་མིས་རང་ལུས་མེར་སྲེག་བཏང་དགོས་པའི་རྒྱུ་རྐྱེན་གཞི་རྩ་ག་པར་ཐུག་གི་ཡོད་མེད་ལ་རྟོགས་ཞིབ་ཀྱིས།    དཀའ་ངལ་དེ་དག་སེལ་དགོས་པ་གསུངས་ཡོད་པ་རེད།།









བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎